e-texts navigator
Collection
Volume
Page
Wylie

177a1 འཛུབ་མོ་ལྕགས་ཀྱུ་བྱས་ལ་དགུག་པར་བྱའོ།། དེ་ནས་དྲིལ་བུ་དང་བཅས་པའི་ཕྲེང་བ་རྣམས་གཡོའོ།། ཐམས་ཅད་ཟབ་ནས་དེ་བཞིན་དུ་བཞུགས་པར་བྱའོ།། དེ་ནས་དམ་ཚིག་འདི་བརྗོད་པར་བྱའོ།། གལ་ཏེ་དམ་ཚིག་འདས
177a2 པར་གྱུར་ན། ཕ་གསོད་འགྲོ་བ་གང་ཡིན་དང་།། མ་གསོད་འགྲོ་བ་གང་ཡིན་དང་།། འགྲོ་བ་དེར་ནི་འགྲོ་བར་འགྱུར།། རྟག་ཏུ་དམ་པ་སྟེན་པར་བྱ།། དམ་པ་མིན་པ་ཡོངས་སུ་སྤང་།། གཞན་ལ་དེ་ཉིད་བསྟན་རི་བྱ།། རྟག་ཏུ་མིང་པོ
177a3 གསུམ་པོ་བསྒྲུབ།། འདི་ནི་དམ་ཚིག་གོ།། དེ་ནས་གླུ་དང་གར་དང་། རོལ་མོ་དང་རྒོད་པ་དང་དགའ་བ་དང་ཟ་བ་དང་མགུ་བས་མེལ་ཙེ་བྱའོ།། ཕྱག་རྒྱ་དང་གར་གྱི་རོལ་མོའི་མཆོད་པ་ཡང་བྱས་ལ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་དང་།
177a4 བཅས་པས་བྱུང་བ་དང་། འབྱུང་བར་འགྱུར་བའི་ཡེ་ཤེས་བརྗོད་པར་བྱའོ།། དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དང་།། ཕུན་སུམ་ཚོགས་པ་ཐམས་ཅད་དང་། འབྱོར་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། དམ་ཚིག་གི
177a5 དཀྱིལ་འཁོར་རོ།། དེ་ནས་སྲིང་མོ་བཞིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། ཧཱུཾ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ཐིག་བཏབ་ལ
177a6 ཐིག་བཞི་ལ་འཁོར་ལོ་བཞི་པ་བྱས་ལ། དཀྱིལ་འཁོར་དེ་རྣམས་སུ་སྒོ་བཞིར་བལྟ་བའི་ལྷ་མོ་བཞིའི་གཟུགས་བརྙན་བཞག་པར་བྱ་སྟེ། འདི་ལྟ་སྟེ་དགའ་བ་མོ་ནི་ཤར་དུ་ལྟ་བ་མདའ་དང་གཞུ་ཐོགས་པ་ལ་བརྩོན་པ།། སྒེག
177a7 མོ་མདོག་དམར་པོའོ།། གསོད་མ་ལྷོ་ཕྱོགས་སུ་བལྟ་བ་ལ་ག་ན་རལ་གྲི་དང་ཕུབ་ཐོགས་པ་མདོག་ནག་པོའོ།། ཟག་མོ་ནུབ་ཏུ་བལྟ་བ་ལག་ན་གསེར་གྱི་གཏེར་ཐོགས་པ། གསེར་གྱི་མདོག་ཅན་ནོ།། གྲུབ་པ་མོ་ཞིབ་མོ་ཞེས་བྱ་བ
177a8 བྱང་དུ་བལྟ་བ།། ལག་ན་གྲི་དང་ཤ་ཀ་ར་ཐོགས་པ་མདོག་དཀར་པོའོ།། ཕྱི་རོལ་གྱི་སྒོ་བཞིར་མཚན་མ་དགོད་པ་བཞག་པར་བྱའོ།། དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་། ལག་པ་གཡོན་པ་ཁ་ཊྭཱཾ་ག་དང་བཅས་པ་འཇུག




iiif viewer powered by OpenSeadragon

176b - 177b

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po