e-texts navigator
Collection
Volume
Page
Wylie

176b1 ཡེ་ཤེས་བསླབ་པར་བྱ་སྟེ། ཕྱག་རྒྱའི་གར་དང་མཆོད་པ་བྱས་ནས་གཏོར་མ་བྱིན་ཞིང་། བཟའ་བ་དང་བཏུང་བ་དང་ལོངས་སྤྱོད་ལ་སོགས་པས་ཚིམ་པར་བྱས་ནས་ཕྱིར་འབྱུང་བར་བྱའོ།། དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི
176b2 ཕྱག་རྒྱའི་དཀྱིལ་འཁོར་རོ།། དེ་ནས་སྦྲང་རྩི་བྱེད་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། མགྲིན་ཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།། སྲ། དེ་ནས་འདིའི་དཀྱིལ་འཁོར་བཤད
176b3 པར་བྱ་སྟེ། ཟུར་བཞི་པ་དང་སྒོ་བཞི་པར།། ཕྱིའི་དཀྱིལ་འཁོར་བྲི་བར་བྱ།། དེའི་ནང་དུ་དཀྱིལ་འཁོར་ནི།། གཞུ་ཡི་དབྱིབས་ཅན་བྲི་བར་བྱ།། དེའི་དབུས་སུ་མིང་པོ་ནི།། མཆོག་གསུམ་དག་ནི་བཞག་པར་བྱ།། སྦྲང་རྩི་བྱེད་དང
176b4 རྒྱལ་བྱེ་དང་།། དེ་བཞིན་དོན་རྣམས་ཐམས་ཅད་ནི།། གྲུབ་པར་བྱེད་ཅེས་བྱ་བའོ།། ཆོ་ག་ཡ་ལང་བགོས་པ་དང་།། དེ་བཞིན་ཐོད་པ་མཚན་མ་འཛིན།། ལྷ་མོའི་གོས་དང་ཕྲེང་བ་འཆད།། ཅུང་ཟད་རྒོད་ཅིང་ཁྲོ་བ་དང་།། སེང་གེའི་ཁྲིལ་འདུག་པ
176b5 དང་། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པའོ།། དངོས་གྲུབ་ཀུན་སྟེར་དག་པ་སྟེ།། གསུམ་ནི་སྲིད་གསུམ་དག་དང་མཚུད།། སྒོ་དང་འཚམས་ནི་ཐམས་ཅད་དུ།། ཚོགས་ལ་སོགས་པ་ལེགས་པར་བཞག། གྲུབ་དང་འཕེལ་ཆེན་གནོད
176b6 སྦྱིན་དང་།། གཏུམ་དང་ཁྲོ་མཆོག་གསོད་པའོ།། ཕྱི་རོལ་བ་དན་རྩེ་མོ་ལ།། དྲིལ་བུ་ཕྲེང་བཅས་ཐམས་ཅད་དུ།། བུམ་པ་གང་པ་རོ་མཆོག་བཅས།། འབྱུང་པོ་མ་ལུས་གཏོར་མར་བཅས།། གླུ་རྣམས་གླུ་རུ་ལེན་པ་དང་།། རོལ་མོ་བ.རུང
176b7 བར་བྱེད་པ་དང་།། དེ་བཞིན་སློབ་དཔོན་གར་བྱེད་པ།། ཕྱག་རྒྱ་ཀུན་གྱིས་འཇུག་པར་བྱ།། ཞུགས་ནས་སྒྲུབ་པ་ལ་དད་པ་ཡི།། ཡང་ནས་ཡང་དུ་འཇུང་བྱ་ཞིང་།། མེ་ཏོག་ཀུན་གྱིས་མཆོད་པ་ཡིས།། བསྒྲུབ་དང་དེ་ཉིད་དག་ཀྱང་བརྗོད།། འཛག
176b8 རྟེན་གསུམ་པོ་སྲིད་གསུམ་མཆོག། ངན་སོང་གསུམ་མཆོད་གསུམ་རྣམ་གསུམ།། ལེགས་ལྡན་སྦས་པས་གྲུབ་པ་ནི།། དངོས་གྲུབ་ཀུན་ལ་རྟག་ཏུའོ།། དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱི་གཡས་པའི




iiif viewer powered by OpenSeadragon

176a - 177a

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po