e-texts navigator
Collection
Volume
Page
Wylie

175a1 པར་བྱའོ།། དེ་ནས་བཅིག་རྟེན་པོ་ང་འན་ན་ཀྱིལ་འཁོར་ཅན་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཚིག་ཐམས་ཅད་རྒྱས་པར་བྱའོ། མ་ཅིག་ཆེན་པར་རྡོ་རྗེའིའདེ་ཛིན་ཉིད་ཀྱི་དམཆག་ཅེས་བྱ་བའི་རྟོག་པན
175a2 གླལ་པོ་ཆེན་པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སྷོ།།།། གི་སུ་ཤོ་ན་ནས་ཤེས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད
175a3 བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས
175a4 པའི་སྙིང་པོ་ཅན་ནོ།། ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས་སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ།། ག་ཐམས་ཅད་རབ་ཏུ་བྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ།། སེམས་ཅན་ཐམ
175a5 ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ།། དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་བཅོའི་སྒྲ་ཟུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུ།
175a6 ཆེན་པོས་རང་གི་དེ་ཁོན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ།།། དེ་ནས་དཀྱིལ་འཁོར་བཤད་པར་བྱསྟེ། ཀུན་ནས་ཟླུམ་པོ་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ། འཚམས་རྣམས་སུ་མདུང་རྩ་གསུམ་པ་བྲི་བར་བྱའོ།།
175a7 དེའི་དབུས་སུ་དབང་ཕྱུག་ཅན་པོ་ཐོ་བར་བྱའོ།། དེའི་ལོགས་ཐམས་ཅད་དུ་ཚོགས་བརྒྱད་པོ་ཟ་བར་བྱ་སྟེ། འདི་ལྟ་སྟེ་ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་དྲིལ་ཆེན་དང་། གར་གྱི་དབང་ཕྱུག་རྣམས་ཕྱོགས་སུའོ།།
175a8 འཚམས་རྣམས་སུ་ན་ཐོད་པ་བཟང་པོ་དང་། གཏུམ་པོའི་དབང་ཕྱུག་དང་། ལག་ན་ཁ་ཏཱང་ག་དང་བགླང་རྣའི་དབང་ཕྱུག་དང་ངོ་།། ཐིག་གི་འཚམས་སུ་ནི། མ་མོའི་ཚིགས་ཐམས་ཅད་གནས་ཅི་ལྟ་བ་བཞིན་དུ་བྲི་བར་བྱའོ།།




iiif viewer powered by OpenSeadragon

174b - 175b

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po