| | e-texts navigator
|
174a1 འགྱུར་རོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བསྲུང་བ་པོ་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོར་བདག་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ།། དེ་ནས་ཕྱག་རྒྱ་ཐམས་ཅ
174a2 བཅིང་བར་བྱ་ཞིང་བསྒྲུབ་པར་བྱའོ།། དེ་ནས་མཆོད་ལ་དེ་བཞིན་དུ་ཡང་དག་པར་ཚིམ་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་བརྗོད་ལ་སླར་བྱུང་བར་བྱའོ།། དེ་བཞིན་དུ་ཕྱག་རྒྱ་བཅིངས
174a3 པ་ལ་སོགས་པའི་ཆོ་ག་རྒྱས་པ་ནི་དང་པོ་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་དུ་བྱའོ།། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ།། བསྒྲུབ་པ་དང་དངོས་གྲུབ་ཀྱང་དེ་བཞིན་ནོ།། མ་བསྒྲུབས་པར་ཡང་དང་པོ་ཙ་ལྟེ་བ
174a4 བཞིན་ནོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ།། སེམས་ཅན་ཐམས་ཅད་གདུལ་བ་ལ་ནི་ཁྲོ་བས་ཧེ་ཧ་ཞེས་རྒོད་ཅིང་འདུལ་བས་སོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་ཆགས
174a5 དང་བྲལ་བ་ལས་ལྟུང་བར་བྱ་བ་ལ་ནི་ཆོས་གོས་དང་སྣམ་སྦྱར་གྱི་སྦྱིན་བསྲེག་གིས་སོ།། དབང་བསྐུར་བ་ཐམས་ཅད་དབྲོག་པ་ལ་ནི་ཁམས་ཐམས་ཅད་ཀྱིས་ཕྱི་མའི་སྦྱིན་བསྲེག་གིས་སོ།། ཐམས་ཅད་རྒྱས་གདབ་པ་ལ
174a6 ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ།། ཐམས་ཅད་གཅད་པ་ལ་ནི་གཟུགས་བརྙན་བྱས་ནས་གཏུབ་པས་སོ།། མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་བཞིག་པ་ལ་ནི་རྡོ་རྗེ་བཟུང་ནས་འཇུག་པར་བྱའོ།། མཆོད་པ
174a7 ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ།། ཐམས་ཅད་བསྐྲད་པར་བྱ་བ་ལ་ནི་འཇིགས་བྱེད་ཀྱི་སྟབས་བལྟ་བར་བྱའོ།། དེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ལས།
174a8 དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སྷོ།།།། རྡོ་དོ་སྦྱིན་གྱི་ན་པོའོ། དེ་ས་ཅོ་ལྡན་ནས་དེ་ཤི།། གས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བར
iiif viewer powered by OpenSeadragon
173b - 174b