e-texts navigator
Collection
Volume
Page
Wylie

173b1 འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་རྡོ་རྗེ་གནོད་སྦྱིན་གྱིས་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཧ། དེ་ནས་འདི་གསུངས་པ་ཙམ་གྱིས་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་བཅོམ
173b2 ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཐུགས་ལས་བྱུང་སྟེ། དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་ཐབས་ཐམས་ཅད་ཀྱིས་འདུལ་བ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ
173b3 སྙོམས་པར་ཞུགས་ནས་གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་གནོད་སྦྱིན་གྱི་དཀྱིལ་འཁོར་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཚུལ་དུ་ནི། ཕྱིའི་དཀྱིལ་འཁོར་བྲི་བར་བྱ།། དེའི་ནང་རིམ
173b4 ཉིད་དུ་ནི།། དཀྱིལ་འཁོར་བཟང་པོ་གྲུ་བཞི་པ།། སྒོ་བཞི་པ་ལ་ཐིག་བཞིར་ལྡན།། ཚོན་སྣ་ལྔས་ནི་རྣམ་པར་བྲི།། ཀ་བ་བརྒྱད་ནི་མདུན་གནས་པར།། འབར་བའི་དཀྱིལ་འཁོར་ཡང་དག་ལྡན།། དེ་ཡི་དབུས་སུ་ཅི་རིགས
173b5 པར།། རྡོ་རྗེ་གནོད་སྦྱིན་བཞག་བྱ་སྟེ།། རྡོ་རྗེ་མཆེ་བ་གཙིགས་པ་དང་། འབར་བའི་ཕྲེང་བ་འཁྲིགས་པའི་འོད།། འཇིགས་བྱེད་ཁ་དོག་སྔོ་བ་དང་།། ཧ་ཧ་ཞེས་བཞད་གསལ་བའི་ཞལ།། དེ་ཡི་ཀུན་ཏུ་གནོད་སྦྱིན་ནི།
173b6 ཤིན་ཏུ་འཇིགས་པོ་བཞག་པར་བྱ།། དེ་ཉིད་དང་པོ་ལ་སོགས་མཆོག། ཕྱག་ན་རྡོ་རྗེ་སྒྱོགས་མཚན་འཆང་།། ཕྱིའི་དཀྱིལ་འཁོར་འཚམས་རྣམས་སུ།། མཆེ་བའི་ཕྱག་རྒྱ་བྲི་བར་བྱ།། སྒོ་ཡི་གནས་ནི་ཐམས་ཅད་དུ།།
173b7 རྡོ་རྗེའི་མཚན་མ་བཞག་པར་བྱ།། དེ་ནས་འཇུག་པ་ལ་སོགས་པ་འབྱུང་སྟེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། ཧ་ཧ་ཞེས་བཞད་པ་དང་བཅས་པས་ཞུགས་ན་གདུག་པ་ཐམས་ཅད་འདུལ་ནུས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད
173b8 ཐོབ་པར་འགྱུར་རོ།། དེ་ནས་ཞུགས་ནས་རྡོ་རྗེ་མཆེ་བ་བླངས་ནས་རྡོ་རྗེ་མིང་གིས་དབང་བསྐུར་ལ་རྡོ་རྗེས་རྡོ་རྗེ་གནོད་སྦྱིན་ཉིད་ལ་བསྣུན་ནོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་ཞལ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱུང་བར




iiif viewer powered by OpenSeadragon

173a - 174a

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po