| | e-texts navigator
|
172b1 ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ།། ཨོཾ། དེ་ནས་འདི་གསུངས་པ་ཙམ་གྱིས་ནམ་མཁའ་ཐམས་ཅད་ལས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་མ་ལུས་པར་སྤྲོས་པར
172b2 གྱུར་ནས། བཅོམ་ལྡན་འདས་ནམ་མཁའི་མཛོད་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པར
172b3 བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཅི་ལྟ་བ་དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད
172b4 བྱས་ལ། དབུས་སུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ། ཞལ་འཛུམ་པ་སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་བཞག་པར་བྱའོ།། དེའི་ཕྱོགས་ཐམས་ཅད་དུ་དམ་ཚིག་སེམས
172b5 དཔའ་རྣམས་བཞག་པར་བྱའོ།། འདི་ལྟ་སྟེ་ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ་བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་དང་དབང་བསྐུར་བ་དང་ཕྱག་རྒྱ་ཡོངས་སུ་འཛིན་པ་དང་།
172b6 སྟོང་པ་ཉིད་དུ་སྨྲ་བ་དང་དཀྱིལ་འཁོར་འབྲི་བ་དང་མཆོད་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་པའི་ཚུལ་གྱིས་ཅི་ལྟ་བ་བཞིན་དུ་བཞག་གོ།
172b7 ཕྱིའི་འཚམས་སུ་ནི་མེ་ཏོག་ལ་སོགས་པ་རྣམས་དང་སྒོ་རྣམས་སུ་དབྱིག་དང་གསེར་དང་མུ་ཏིག་དང་རིན་པོ་ཆེ་ཏེ་མཚན་མ་བཞི་བཞག་པར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱིས་མཆོད་པ་ཐམས་ཅད་འཐོབ་པར
172b8 འགྱུར་རོ།། ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་སྣ་ཚོགས་རྡོ་རྗེའི་མིང་གི་དབང་བསྐུར་བས་དབང་བསྐུར་ནས་མཆོད་པ་རྣམ་པ་བཞི་བྱས་ཏེ་འདི་ལྟ་སྟེ་ལུས་ཀྱི་ལས་ཐམས་ཅད་དང་ཕྱག་བྱ་བ་དང་ངག་དང་ཡིད་དང་སེམས
iiif viewer powered by OpenSeadragon
172a - 173a