e-texts navigator
Collection
Volume
Page
Wylie

169b1 རྒྱུད་ཀྱི་ཁུ་ཚུར་གྱིས་སོ།། ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ནལ་ཞལ་གྱི་ཁུ་ཚུར་གྱིས་སོ།། ཐམས་ཅད་བརྩི་རབ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་གས་པལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་སོ།། ཐམས་ཅད་བཟམ
169b2 བ.ལན་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིས་སོ།། ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ངེས་པར་བཙི་བའི་ཁུ་རུང་གྱིས་སོ།། ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་གྱིས་སོ།། ཐམས་ཅད་དབེབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་གྱིས་སོ།།
169b3 ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་གྱིས་སོ།། ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་གསུང་གི་ཁུ་ཚུར་གྱིས་སོ།། ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་སོ།། གཞན་གྱི་དཔུང་ཐམས
169b4 ད་མུག་པ་དང་འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་འབྱེ་བའི་ཁུ་ཚུར་གྱིས་སོ།། ཕྱག་རྒྱ་ཐམས་ཅད་གྲོལ་བ་ལ་ནི་རྡོ་རྗེ་ཐར་པའི་བུ་ཚུར་གྱིས་སོ།། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱས་གཞིག་པ་ལ་ནི་རྡོརྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ
169b5 གྱིས་སོ།། བདག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི། ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཕྱག་རྒྱ་ཐམས་ཅད་བཅིངས་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཕྱག་རྒྱ་ཐམས་ཅད་རྡོ་རྗེ་བྱ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཐམས་ཅད་རྒྱས་གདབ་པ
169b6 ལ་ནི་རྡོ་རྗེ་མམོའི་ཁུ་ཚུར་གྱིས་སོ།། ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིས་སོ།། ཐམས་ཅད་རྣམ་པར་གཞིག་པར་བྱ་བ་ལ་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་གྱིས་སོ།། ཐམས་ཅད་གཞིག་པ་དང་རྣམ་པར་གཞོམ་པ་ལ
169b7 ནི་དབང་པོའི་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཆུའི་ནང་དུ་གནས་ཤིང་ཆགས་པ་ལ་ནི་རྡོ་རྗེ་གནོན་པོའི་ཁུ་ཚུར་གྱིས་སོ།། གཟུགས་མང་པོར་སྟོན་པ་ལ་ནི་རྡོ་རྗེ་སྣ་ཚོགས་པ་རྡོ་རྗེ་ཁུ་ཚུར་གྱིས་སོ།། མི་སྣང་བའི་དངོས་གྲུབ་ལ་ནི་མི་སྣང་བའི
169b8 རྡོ་རྗེ་འུ་ཚུར་གྱིས་སོ།། རྒྱུ་བ་དང་མི་ཆུ་བ་དངོས་པོ་རྣམས་འབྱུང་བ་ལ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་གྱིས་སོ།། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ།། རིག་པ་འཛིན་པའི་དངོས་གྲུབ་ལན་རྡོ་རྗེ




iiif viewer powered by OpenSeadragon

169a - 170a

Texts on this page

Q119 - dpal mchog dang po zhes bya ba theg pa chen po'i rtog pa'i rgyal po