| | e-texts navigator
|
168b1 ཀ་ཡི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་འཆང་བ་དང་ཀློག་པ་དང་ལུང་དཔོག་པ་དང་བསྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཤེས་པ་ཐམས་ཅད་དང་དགོས་པ་ཐམས་ཅད་དང་ལུས་དང་ངག
168b2 དང་སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར
168b3 དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གྱི་གནས་འདི་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་གསུངས་སོ།། ཨ། དེ་ནས་འདི
168b4 ག་སུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དངོས
168b5 གྲུབ་མཆོག་གི་རྒྱུས་རྒྱས་གདབ་པོ།། བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཀྱང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་ཕྱུང་ནས་ཀྱང་།། དང་པོའི
168b6 དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
168b7 ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་དམཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་དང་པོའི་སྦྱོར་བས་བྲིས་ལ། ནང་དུ་རྡོ་རྗེ་ཐིག་གི་འཁོར་ལོ་བྲའོ།། དེ་བཞིན་དུ་དེའི་དབུས་སུ་དཀྱིལ་འཁོར་བརྒྱད་པར་ཐིག་པ་ས
168b8 ལ་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ། ཞལ་རྣམ་པར་གཞད་པ་བཞག་པར་བྱའོ།། དེའི་མདུན་དུ་རྡོ་རྗེའི་སྐུའི་མཆོག་ཅེས་བྱ་བ་རྡོ་རྗེ་བསྙེམས་པ་འཛིན་པའོ།། གཡས་སུ་རྡོ་རྗེ་ལྗགས།
iiif viewer powered by OpenSeadragon
168a - 169a