| | e-texts navigator
|
166a1 པའི་ཚུལ་དུ་ཐིག་བཞིས་ཐིག་བཏབ་པ་ལ་མཚོན་དམར་པོས་པད་མ་འདབ་མ་བརྒྱད་པ་བྲི་བར་བྱའོ།། དེའི་དབུས་སུ་བཅོམ་ལྡན་འདས་དགོད་པར་བྱའོ།། དེའི་མདུན་དུ་བཅོམ་ལྡན་འདས་པད་མ་ཆེན་པོ་ཆགས་པ་སྐུ
166a2 མདོག་དམར་པོ་འཛིན་པ། པད་མ་ཆེན་པོ་དང་མདའ་དང་གཞུ་བསྡམས་པ་གཡས་སུ་བཅོམ་ལྡན་འདས་པད་མ་ཆེན་པོའི་གཏུམ་པོའི་དབང་ཕྱུག་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ་བཞག་པར་བྱའོ།། རྒྱབ་ཏུ་པད་མཆེན
166a3 པོ་ཁྱབ་འཇུག་གི་གཟུགས་འཛིན་པ་སྐུ་མདོག་ནག་པོ་བཞག་པར་བྱའོ།། གཡོན་དུ་པད་མ་ཆེན་པོ་མི་མཇེད་ཀྱི་བདག་པོ་ཚངས་པའི་གཟུགས་འཛིན་པ་སྐུ་མདོག་དཀར་པོ་བཞག་པར་བྱའོ།། གཡས་ཀྱི་མཚམས་སུ་པད་མཆེན་པོ།
166a4 འཛིན་པ་བཞག་པར་བྱའོ།། མཚམས་གཉིས་པར་པད་མ་ཆེན་པོ་རྒྱ་མཚོ་ཆུ་ལྷའི་གཟུགས་འཛིན་པ་བཞག་པར་བྱའོ།། གསུམ་པར་པད་མ་ཆེན་པོ་ཉི་མོའི་གཟུགས་ཅན་བཞག་པར་བྱའོ།། བཞི་པར་པད་མ་ཆེན་པོ་རླུང་གི
166a5 གཟུགས་འཛིན་པ་བཞག་པར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཤྲཱི་ཧཱི་གཱི་དྷི་ལྷ་མོ་བཞི་བཞག་པར་བྱ་སྟེ། ཐམས་ཅད་ཀྱང་གཡས་ན་རང་གི་མཚན་མ་འཛིན་པ་གཡོན་པ་པད་མ་འཛིན་པར་བྱའོ།།
166a6 སྒོ་རྣམས་སུ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མྱ་ངན་ལས་འདས་པའི་མཚན་མ་རྣམས་བཞག་པར་བྱ་སྟེ་འདི་ལྟ་སྟེ་བུད་མེད་ཀྱི་གཟུགས་དང་སྦྲུལ་གྱི་གཟུགས་དང་། ཕག་གི་གཟུགས་དང་། པད་མའི།
166a7 གཟུགས་ཞེས་བྱའོ།། དེ་ནས་གོས་དཀར་པོ་བགོས་ཏེ་གོས་དཀང་པོས་གདོང་གཡོགས་ལ། པད་མ་ཆེན་པོའི་ཕྱག་རྒྱ་ཆེན་པོ་མེ་ཏོག་དང་བཅས་པ་བཅིངས་ཏེ་ཞུགས་ལ་མེ་ཏོག་དོར་བར་བྱས་སྟེ་གང་དུ་བབས་པ་དེ།
166a8 ངས་བསྒྲུབ་པར་བྱའོ།། དེ་ནས་པད་མ་བླངས་ལ་པད་མའི་མིང་གིས་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་བརྗོད་པར་བྱ་ཞིང་། པད་མའི་མདབ་མ་ལ་བལྟ་བར་བྱས་སྟེ། ཅི་ལྟར་པད་མ་དམར་པོ་འདི།
iiif viewer powered by OpenSeadragon
165b - 166b