| | e-texts navigator
|
165b1 རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན
165b2 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ།། ལག་ན་རྡོ་རྗེ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་འཛིན་པ་དང་ཀློག་པ་དང་བསྒོམ་པ་དེ་འདོད་ཆགས་དང་དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང
165b3 པད་མོ་ལྟ་བུར་འདོད་ཆགས་ཀྱི་ཉེས་པ་རྣམས་དང་དྲི་མ་རྣམས་དང་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང
165b4 འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་མུལ་ཏེ། པད་མའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོས།
165b5 པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་འགྲོ་བ་ཐམས་ཅད་ཀྱི་ཕྱིར་པད་མའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། ཧྲཱིཿ། དེ་ནས་འདི་གསུངས་པ་ཙམ་གྱིས་པད་མ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས
165b6 པ་ཨའི་གཟུགས་བརྙན་ཐམས་ཅད་བཅོམ་ལྡན་འདས་དང་འདྲ་བའི་པད་མས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་ངས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས
165b7 པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འགྲོ་བ
165b8 ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ།། ཕྱིའི་དཀྱིལ་འཁོར་ཅི་ལྟ་བའི་ནང་དུ་གཉིས་པ་ནི་ཟུར་བཞི་པ་ལ་དེ་བཞིན་དུ་སྒོ་དང་མཚམས་སུ་བཅས་པར་བྲིའོ།། དེ་ནས་དཀྱིལ་འཁོར་བརྒྱད
iiif viewer powered by OpenSeadragon
165a - 166a