| | e-texts navigator
|
165a1 གནོད་སྦྱིན་མོས་སོ།། གཞན་གྱི་དཔུང་ཐམས་ཅད་གཞོམ་པ་དང་གནོན་པ་དང་རྨོངས་པར་བྱ་བ་དང་ལོང་བར་བྱ་བ་དང་རྒྱས་གདབ་པ་དང་གསར་པ་ལ་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོས་སོ།། རྒྱལ་པོ་ལ་སོགས་པ་མི
165a2 ཆེན་པོ་ཐམས་ཅད་གསད་པ་ལ་ནི་དོང་གའི་ཤིང་ལ་རང་གི་ཁྲག་གིས་སྦྱིན་བསྲེག་བྱས་པས་སོ།། ལྷ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་ཕུར་བུས་གདབ་པས་སོ།། ལྷའི་བདག་པོ་ཐམས་ཅད་བསྲེག་པ
165a3 ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་ཡམ་ཤིང་གིས་སོ།། རང་གི་ཁྲག་གི་རྒྱུན་དབབ་པས་ས་ཐམས་ཅད་ནུབ་པར་བྱ་བ་ལ་ནི་རྡོ་རྗེ་ཁྲོ་བོ་ས་འོག་གི་ཕྱག་རྒྱས་སོ།། ཁམས་གསུམ་ཐམས་ཅད་གསལ་བ་ལ་ནི་རྡོ་རྗེ་འཇིག་པའི
165a4 ཕྱག་རྒྱས་སོ།། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་གི་རྡོ་རྗེ་ཁྲོ་བོས་སོ།། ཁམས་གསུམ་ཐམས་ཅད་དབབ་པ་དང་དགུག་པ་དང་གཞུག་པ་དང་དབང
165a5 དུ་བྱ་བ་དང་ངེས་པར་གནོན་པ་ལ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོའི་ཕྱག་རྒྱས་སོ།། ཁམས་གསུམ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་། དགུག་པ་དང་གཞུག་པ་དང་བཅིང་བ་དང་རྒྱས་གདབ་པ་དང་དབང་དུ་བྱ་བ་དང་གནོན་པར
165a6 བྱ་བ་དང་བསླབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོ་རྡོ་རྗེའི་དམ་ཚིག་གི་ཁྲོ་བོས་སོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེ་དམ་ཆག་རྩེ་འུའི་ཧོ། ས་རྒྱལ
165a7 པོ་ཆེན་པོ་རྫོགས་སྷོ།། ། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡེའི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤྭ
165a8 རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཀྱང་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག།
iiif viewer powered by OpenSeadragon
164b - 165b