| | e-texts navigator
|
99b1 པར་བྱེ་བའི་ལེའུ་སྟེ་དགུ་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ཏིང་འཛིན་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་རྡོར་ཞེས་བྱ་བ་ང་།
99b2 ལ་སྙོམས་པར་ཞུགས་ནས་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་མཆོག་དངོས་གྲུབ་འདི་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་གསང་སྔགས་བསྒོམ་པའི་རྣལ་འབྱོར་གྱི་ཚོགས་ཡང་དག་པར་བསྐུལ་ནས་རྗེས་ཐམས
99b3 ཅད་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་གསང་ཆེན་འདི་ཉོན་ཅིག། རྣམ་པར་སྣང་མཛད་ཏིང་འཛིན་ལ།། གནས་ཤིང་སྐུ་གསུང་ཐུགས་བསྒོམས་ཏེ།། མདུན་དུ་འཁོར་ལོ་ལེགས་པར་བཞག། སྐུ་གསུམ་རྡོ་རྗེ་ཅན
99b4 གྱི་གཟུགས། ། འབར་བའི་ཕྲེང་བ་འཁྲུག་པའི་འོད།། འཁོར་ལོའི་ནང་དུ་ཞུགས་གྱུར་པར།། བསྒོ་བ་ཞིང་འཁོར་ལོ་བསྒྲུབ་པར་བྱ།། མེ་ཡི་འོད་ལྟར་འབར་བའི་འོད།། འཁོར་ལོ་ཆེན་པོ་འཕགས་པར་འགྱུག།
99b5 སྤྱན་ནི་བཟླས་བརྗོད་བྱེད་བཞིན་དུ།། བླ་མེད་འཁོར་ལོ་བླང་བར་བྱ།། རྒྱལ་ཆེན་འཁོར་ལོ་དྲུག་པ་དག། འོད་ནི་རྣམ་པར་སྣང་མཛད་བཞིན།། ལན་གསུམ་འཇུག་པའི་སེམས་ཅན་ལ།། ཆོས་ཀྱི་འཁོར་ལོ
99b6 བསྐོར་བར་གྱུར། ། མི་འཁྲུགས་པར་ནི་རྣམ་པར་བསྒོམ་ཞིང་།། རྡོ་རྗེ་མདུན་དུ་བཞག་ནས་ནི།། རིམ་པ་བཞིན་དུ་བསྐུལ་ན་འདིས།། སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང་།། འབར་བའི་ཕྲེད་ཆེན་མཉམ་པའི་འོད།
99b7 རྡོ་རྗེ་ཆེན་པོ་འཕགས་པར་འགྱུར།། མཱ་མ་ཀཱི་ནི་ཟློས་བཞིན་དུ།། རྡོ་རྗེ་བླ་མེད་བླང་བར་བྱ།། རྡོ་རྗེ་རྒྱལ་པོ་བླངས་པ་ཡིས།། གཙོ་བ་རྡོ་རྗེ་འཆང་གཉིས་འགྱུར།། གཙོ་བོ་ཆེན་པོ་སངས་རྒྱས་དང་།། བྱང་ཆུབ་སེམས
99b8 དཔས་ཡོངས་བསྐོར་ནས། ། སེམས་ཅན་ཀུན་སེམས་ལ་གནས་པའི།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། འཇིག་རྟེན་ཁམས་སུ་རྣམ་རྒྱུ་ཞིང་།། ཀུན་གྱི་བསམ་པ་ཡོངས་རྫོགས་བྱེད།། རིན་ཆེན་འབྱུང་བ་བསྒོམས་ན
iiif viewer powered by OpenSeadragon
99a - 100a