| | e-texts navigator
|
91a1 6། ། ཉིད་བདག་ཡིན་བརྗོད།། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ།། ཆ་ཤས་ཀྱིས་ནི་དྲ་བ་ཅན།། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག། དེ་འོག་ལག་པའི་ཕྱག་རྒྱ་ཡིས།།
91a2 གོ་ཆ་མཚོན་ཆ་ལ་སོགས་བྱ།། རྫོགས་སངས་རྒྱས་ལྔར་དབང་བསྐུར་ཏེ།། ཅོད་པན་ཕྲེད་པ་རྣམས་ཀྱིས་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ།། ཡན་ལག་བཞི་པའི་དབུས་ལྡན་པའི།།
91a3 ཕྱོགས་བཅུ་ཁྲོ་བོ་བཅུ་དག་དང་།། བསྙེམས་མ་དང་ནི་རྟོག་ལྡན་མ།། མཚོན་ཆ་མདའ་དང་རྩེ་མོ་ཅན།། སྐུ་མའི་ཆ་བྱད་རྣམ་མང་པོ།། རྣམ་པར་འཕྲུལ་པར་བྱིན་གྱིས་བརླབས།། ཀུན་ལ་ཁྱབ་པར་བྱེད་པ་ཡི།། སྣ་ཚོགས་དབུས
91a4 སུ་བཞག་ནས་ནི། ། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞིའི་འཁོར་ལོ་ཁྱབ་བྱས་ཏེ།། དགའ་བས་དགའ་བྱེད་བཞི་ཡང་སྤྲོ།། ཏིང་འཛིན་ཀུན་གྱི་དགའ་བ་ལ།། ལོངས་པར་སྤྱོད་པའི་སྔགས་པ་ཡིས།། འཁོར་ལོ
91a5 ལ་ནི་རྡོ་རྗེའི་གཟུགས། ། པད་མའི་གཟུགས་ལ་དེ་དག་ནི།། འཁོར་ལོ་ཀུན་ལས་པད་མ་ཡི།། ངོ་བོ་ཡིས་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འབྲོས་པ་ལས།། མདོག་ལྡན་བདག་ཉིད་གཟུགས་སུ་བྱ།། མཛེས་པའི་རྒྱན
91a6 ཉིད་ཀུན་ལྡན་པ། ། ཉིད་ཀྱི་བསྟན་ལ་བཞུགས་པར་བལྟ།། སྒེག་མོ་ཀླུ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་དབྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ།། རྣམ
91a7 པ་ཀུན་དང་ལྡན་པར་ནི། ། བདག་ཉིད་ཀྱི་ནི་ལུས་བསྒོམས་ནས།། མྱུར་ཆེས་པ་དང་བྲལ་བ་དང་།། མི་གསལ་གུག་སྐྱེ་ཉམས་པ་དང་།། རྟོག་པ་ངན་པ་རྣམ་སྤངས་ནས།། དེ་ནས་གསང་སྔགས་བཟླས་བརྗོད་བྱ།། བཟླས་པ་སྐྱོན
91a8 ལག་གཡས་ཀྱིས། ། བསྒྲིམས་ཏེ་རྡོ་རྗེ་གསོར་ནས་ཀྱང་།། གཡོན་པས་རྡོ་རྗེ་དྲིལ་བསིལ་ཞིང་།། རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་།། བ་དན་ཚུལ་དུ་བྱ་བས་མཆོད།། བཟླས་པའི་མཇུག་ནི་བརྟུལ་ནས་ཀྱང་།། གཤེགས་སུ
iiif viewer powered by OpenSeadragon
90b - 91b