e-texts navigator
Collection
Volume
Page
Wylie

89a1 རྣམ་པར་སྣང་མཛད་ནི། ། དག་ཅང་དྲི་མེད་ཀྱིམ་ནམ་དུ་སྤྲུལ།། གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བ་ཡས།། སྐུ་འཕྲུལ་དྲག་ཁྱོད་ལ་ཕྱག་འཚལ་ལོ།། གསུང་ས་ཡིག་ཀུན་ལ་ཁྱབ་པ་ཡས།། སྨྲས
89a2 མེད་གསུང་དུ་འཇིག་རྟེན་དབང་ཕྱུག་བཞུགས། ། མིག་གསུམ་ལྷ་མོ་དང་བཅས་འདུལ་མཛད་པ།། སྒྱུ་འཕྲུལ་ཚུལ་མང་ལྡན་པ་འགའ་མ་མཆིས།། གང་དུ་བདེ་ཆེན་རང་བའི་ནི་རྗེས་ཆགས་པ།། ན་ཆུང་དག་དང་ལྷན་ཅིག་བཞད
89a3 མཛོད་ཅིང་། ། གཡས་པའི་ཕྱག་གིས་རྡོ་རྗེ་གསོར་ནས་སུ།། གཡོན་པའི་ཕྱག་གིས་དྲིལ་བུ་སྒྲ་སྙན་འཁྲོལ།། ལྷ་མོ་མཐའ་དག་བཙུན་མོར་གྱུར་པ་ཡི།། དམ་ཚིག་རྣམས་ཀྱིས་བྱ་བ་བྱས་པར་འགྱུར།། གཅིག་གི་ལག་པས
89a4 ཀུན་ནས་མཁྱུད་པ་སྟེ། ། གཉིས་པ་རྗེས་སུ་ཆགས་ཕྱིར་བདེ་བའི་མཐུ།། གསུམ་པ་མི་བཟོད་མེ་ཏོག་ཕྲེང་བ་འཐོར།། བཞི་པ་བདེ་བ་ཡི་ནི་མདའ་ཡང་འཕེན།། གང་ཞིག་གླུ་འདི་ལེན་པར་བྱེད་པ་དག། བདེ་བའི་རྡོ་རྗེ་ཅན་དང
89a5 མཉམ་པར་འགྱུར། ། འདི་ནི་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པའི་རྡོ་རྗེའི་གླུ་ཡིན་ནོ།། ཨོཾ་ཨ་ནུད་ཏ་ར་སརྦ་པཱུ་ཛ་མེ་གྷ་ཨུ་ག་སྟེ། སཱ་རཿཧི་མཾ་ག་གན་ཧཱུཾ་ཡ་སྭཱ་ཧཱ། འདི་ལ་ན་གསུམ་བརྗོད་པས་མཆོད་པའི་སྤྲིན
89a6 རབ་འབྱམ་ཐམས་ཅད་བྱིན་གྱིས་བརླབ་པར་འགྱུར་རོ། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཕྱག་རྒྱའི་མཆོད་པ་རིམ་པར་ཕྱེ་བའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར
89a7 སྣང་མཛད་ཆེན་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཚིག་འཐུན་པར་སྒྲ་དབྱངས་གཅིག་གིས་གསོལ་བ་བཏབ་པ།
89a8 བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས་པ་དྲི་མེད་པ།། བྱང་ཆུབ་སེམས་ནི་རིན་པོ་ཆེ།། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏས




iiif viewer powered by OpenSeadragon

88b - 89b

Texts on this page

Q102 - rgyud kyi rgyal po chen po sgyu 'phrul dra ba zhes bya ba