e-texts navigator
Collection
Volume
Page
Wylie

75b1 དོག་ལྔ་པ་ཡི།། མེ་ཏོག་འཕྲུལ་བ་རྣམས་ཀྱིས་བརྒྱན།། གསེར་གྱིས་མདོག་ཅན་བཞིན་འཛུམ་པ།། བྱེད་ཟུར་པས་ནི་རྣམ་པར་རོལ།། དཔག་བསམ་ཤིང་གིས་བརྒྱན་པ་ཡི།། རིན་ཆེན་རིལ་ལེགས་པར་བཞུགས།། འཇམ
75b2 པའི་ཁྲོ་བོ་རྡོ་རྗེ་ཡིས། ། དེ་ཡི་མགོ་བོ་མནན་ནས་བཞུགས།། ཐ་མ་ཐོག་ཐག་གནོད་སྦྱིན་མོས།། ནམ་མཁའ་གང་བར་བསྒོམ་པར་བྱ།། གནོད་སྦྱིན་མོ་ཐམས་ཅད་སྒྲུབ་པའི་མཆོག་རབ་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། སྔགས
75b3 ལ་ཨོཾ་ཨཱཿཧཱུཾ། ཡི་གེ་གསུམ་པ་མིག་གསུམ་གཟུགས།། ཁྱབ་འཇུག་ལྷ་ཆེན་མེས་པོ་སྟེ།། གདོང་གསུམ་རང་གི་མཚོན་ཐོགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ཅིང་།། རྡོ་རྗེ་ཏིང་ངེ་འཛིན་བསྒོམས་ནས།། མོད་ལ་དངོས་གྲུབ
75b4 ཐོབ་པར་འགྱུར། ། འཇིག་རྟེན་ཐམས་ཅད་གྲུབ་པ་མིག་གསུམ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིད་ཏོ།། གཞན་ཡང་གསང་སྔགས་ཡི་གེ་ཡི།། ས་བོན་གང་གིས་སྦྱར་བྱས་ཏེ།། རྡོ་རྗེ་ཡིག་འབྲུ་རྣམས་བསྒོམས་ནས།
75b5 དེ་དག་མ་བསྒྲིམས་བཞིན་དུ་འགྲུབ།། འཕྲོག་མ་འཕྲོག་བྱེད་ལས་སྐྱེས་པའི།། བུ་ནི་ལྔ་བརྒྱ་པོ་རྣམས་དང་།། ལྔ་རྩེན་དང་ནི་དཔལ་ཅན་མ།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་ཏིང་ངེ
75b6 འཛིན་རིམ་པར་བྱེ་བའི་ལེའུ་སྟེ་བཞི་པའོ། ། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞི་བར་ལྟ་བ་རྡུལ་དང་བྲལ་བའི
75b7 མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ལས་སྣ་ཚོགས་ཀྱི་ཡེ་ཤེས་སྐྱེད་པར་མཛད་པ་འདི་དམ་ཚིག་གསུམ་གྱི་རྡོ་རྗེ་ལས་ཕྱུང་ངོ་། ། ཨོཾ་བྷ་ག་བ་ཏཱི་རུ་རུ་སཱུ་རུ
75b8 ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནི་སརྦ་ཨ་དྷ་སཱ་དྷ་ནི་སྭཱ་ཧཱ། ། དེ་ནས་ལས་ཐམས་ཅད་རབ་ཏུ་རྫོགས་པར་བྱེད་པ་འདི་གསུངས་པ་ཙམ་གྱིས།། སངས་རྒྱས་རྣམས་ནི་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་མཁས་རྣམས་དགྱེས།།




iiif viewer powered by OpenSeadragon

75a - 76a

Texts on this page

Q102 - rgyud kyi rgyal po chen po sgyu 'phrul dra ba zhes bya ba