| | e-texts navigator
|
66a1 བཤད་པར་བྱ་ཡིས་ཉོན་ཅིག། ཨོཾ་གྱི་ཡེ་ཤེས་ཀྱིས་བཀླུབས་པ།། རྒྱལ་ཆེན་རྣམ་པར་སྣང་མཛད་ནི།། ཤེས་རབ་ཡེ་ཤེས་རབ་རྒྱས་པ། སངས་རྒྱས་ཀུན་གྱི་མཆོག་གིས་མཆོད།། ཞི་བཟོར་ཚུགས
66a2 ཅོད་པན་འཆང་། ། ཞལ་གསུམ་གྱིས་ནི་རྣམ་པར་བརྒྱན།། གསེར་གྱི་མདོག་ཅན་ཕྱག་དྲུག་པ། དང་པོ་བསམ་གཏན་ཕྱག་རྒྱ་ཅན།། བགྲང་ཕྲེང་ལྡན་ཞིང་མདའ་ཡིས་བརྒྱན།། གཡོན་གྱི་ལྷ་མོའི་ནུམ་འཛིན།། འཁོར་ལོ་དང་ནི་གཞུ
66a3 ཐོགས་ཤིང་། ། ལྷ་རྣམས་བྲེད་ཅིང་ཁམས་རྣམས་འཛག། འབར་བའི་འོད་དཀྱིལ་བརྒྱན་པ་ལ།། སངས་རྒྱས་ཀུན་གྱི་སྤྲིན་འཕྲོ་བ།། རབ་ཏུ་འབྱུང་ཞིང་ལེགས་ཁྱུད་པ།། དེ་ཉིད་སྤྱོད་ཡུལ་ཅན་བསྒོམས་ཏེ།། གསང་སྔགས
66a4 ནང་གིས་བཟླས་བརྗོད་བྱ། ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྫོགས་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཨོཾ་ཞེས་བྱ་བའི་ཚིག་གི་ལམ།། འཇིག་རྟེན་དབང་ཕྱུག་འོད་ཆེན་བསས།། ཐོར་ཚུགས་ཅོད་པན
66a5 འཆང་བའི་ལྷ། ། དབུ་རྒྱན་ཐམས་ཅད་མཁྱེན་པས་བརྒྱན།། རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ།། གཙོ་བོ་ཟླ་བའི་གཟུགས་དང་འདྲ།། ཞལ་གསུམ་སྤྱན་གསུམ་འབར་བ་ལ།། ཕྱག་དྲུག་འདུག་སྟངས་བཞི་པ་ཅན།། ཕྱག
66a6 གཉིས་པད་མའི་འཇོད་ཚུལ་ཅན། ། གཡས་ན་བགྲང་ཕྲེང་རྡོ་རྗེ་འཆང་། གཡོན་པས་ནུ་མ་འཛིན་པ་ལ།། རི་འབབ་སྤྱི་བླུགས་གསུམ་པ་ན།། གཟུགས་རྣམས་ཐམས་ཅད་འཕྲོ་མཛད་ཅིང་།། ཀུན་ནས་འོད་ཟེར་ཕྲེང་བ་ཅན།། ལ་ག་ནས
66a7 མཚོན་ཤོར་འཇིགས་འཁྲུགས་པའི། ། བགེགས་འགྱེལ་བ་ལ་ལྟ་བྱེད་པའི།། དེ་འདྲའི་ཚིག་གིས་ལམ་བསྒོམས་ན།། རིང་པོ་མི་ཐོགས་སངས་རྒྱས་ཐོབ།། རྣམ་པ་ཐམས་ཅད་ཀྱི་མཆོག་ཡངས་པ་ཐམས་ཅད་ཀྱི་འབྱུང
66a8 གནས་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ། ཟླ་བ་གཟུགས་ལ་ཧཱུཾ་ཞེས་པ།། སེམས་ཀྱི་རྡོ་རྗེ་བསྒོམ་པར་བྱ།། མཐིང་ཤིང་བཟང་པོ་ལྟ་བུའི་མདོག། རྒྱན་རྣམས་ཀུན་གྱིས་རབ་ཀླུབས་པ།། ཅོད་པན་ལིན་མི་འཁྲུགས
iiif viewer powered by OpenSeadragon
65b - 66b