e-texts navigator
Collection
Volume
Page
Wylie

64b1 ཀྱིས། ། སྲོག་དང་ལུས་ལབ་བགྱུར་ཀྱང་།། དམ་པའི་ཆོས་དང་བྱང་ཆུབ་སེམས། སློབ་དཔོན་ལ་ནི་བརྙས་མི་བྱ།། རྡོ་རྗེ་སྤུན་རྣམས་བཀུར་སྟི་ནིང་།། རྫང་ལ་བྱམས་ཤིང་ཆགས་བྲལ་བ།། ནམས་ཀྱང་བྱ་བ་མ་ཡིན་ནོ།། དེ་ལྟར
64b2 བྱས་ན་སངས་རྒྱས་ཀྱིས། ། ཁྱོད་ནི་དམྱལ་བའི་ནང་དུ་འདོར།། དེ་ནས་བླ་མས་ཡོན་བླངས་ཏེ།། ས་དང་ཡིད་འོང་ཆུང་མ་དང་།། རིན་ཆེན་གསེར་དང་ནོར་བུ་འབར།། མུ་ཏིག་བྱི་རུ་ལ་སོགས་དང་།། ལུས་ཀྱང་དབུལ་དུ་གཞུག་པར་བྱ།
64b3 བླ་མ་ལ་ནི་གུས་པ་ཡི།། སློབ་མས་དེ་བཞིན་ཁོ་ནར་བྱ།། བླ་མ་དེ་ནི་མགུ་བར་བྱ།། བླ་མ་མགུ་བ་དངོས་གྲུབ་ཀྱི།། གཞན་དུ་མིན་ཞེས་ཐུབ་པ་གསུང་།། དེ་ནས་སློབ་མ་བསླང་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པ་བྱ
64b4 སྟེ། ། སྦྱིན་བསྲེག་གི་ལས་བྱའོ།། དེ་ནས་ཆོ་ག་མཐོང་བས་ལས་བྱས་ནས།། སྦྱིན་བསྲེག་བཟླས་བརྗོད་མཆོད་པ་དང་།། དེ་བཞིན་བསྒོམ་པའི་རིམ་པའི་ཚུལ།། ཞི་དང་རྒྱས་པའི་རིམ་པ་ཡིས།། ལས་རྣམས་ཐམས་ཅད་ཚིམ
64b5 པར་བྱ། ། དེ་ནས་དུས་གསུམ་གཤེགས་པ་ཡི།། རྒྱལ་བ་ཐམས་ཅད་གཤེགས་སུ་གསོལ།། བསྒྲིམས་ཏེ་ཚོན་རྩི་རྣམྲ་བསྡུས་ནས།། ཆུ་ཀླུང་ཆེན་པོར་བསྐུར་ནས་ཀྱང་།། བ་ཡི་ལྕིབས་བྱུག་པར་བྱ།། དཀྱིལ་འཁོར
64b6 གྱི་ནི་ཡོ་བྱད་ཀུན། ། སློབ་དཔོན་ཉིད་ཀྱིས་བཀུར་བར་བྱ།། སློབ་མས་ཅུང་ཟད་མི་སྤྱད་ཏོ།། དེ་ནི་དམ་ཚིག་ཉམས་པར་འགྱུར།། སློབ་དཔོན་གྱིས་ཀྱང་ཅི་རིགས་པར།། བདག་ཉིད་འདོད་པ་སྤྱད་པར་བྱ།། རྒྱུད་ཀྱི་རྒྱལ་པོ་ཆེན
64b7 བོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ལེའུ་སྟེ་གཉིས་པའོ། ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དེ་བཞིན་གཤེགས་པས་ཡང་གསང་སྔགས་ཀྱི་འཁོར་ལོ་ལ
64b8 འཇུག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྙོམས་པར་ཞུགས་ནས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཉོན་ཅིག། ཕྱག་ན་རྡོ་རྗེས་གསོལ་པ། སེམས




iiif viewer powered by OpenSeadragon

64a - 65a

Texts on this page

Q102 - rgyud kyi rgyal po chen po sgyu 'phrul dra ba zhes bya ba