| | e-texts navigator
|
62a1 བཟང་པོའི་འདུག་སྟངས་དང་ཅོག་བུའི་འདུག་སྟངས་དང་། རྩེ་བའི་འདུག་སྟངས་དང་། མདུན་དུ་དགུ་པ་དང་། ཕྱིར་དགྱེ་བ་དང་མཐའ་ཡས་དང་། རྣམ་པར་བརྒྱལ་བ་དང་སྤྲིན་སྒྲ་དང་། གསུས་པོ་ཆེ་དང་།
62a2 རྒྱལ་བའི་ཕུར་བུས་གནས་པའི་བཅིང་བ་དང་། ཕུར་བུ་གདུང་བ་དང་། དྲ་བ་དང་རབས་མཚམས་གཅད་པ་དང་། ཕྱོགས་བཅིང་བདེ་ལྟ་བུས་ས་གཞི་རྡོ་རྗེའི་རང་བཞིན་འོད་འབར་བས་འཁྲིགས་པར་བསྒོམས་ཏེ། གཏན་ལ
62a3 དབབ་པར་བྱའོ། ། རང་གི་མིང་ནས་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་གསང་སྔགས་ཀྱི་སྒྲ་བརྗོད་ན་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་རོ།། དེ་ནས་སའི་ལྷ་མོ་སྟ་གོན་དུ་གནས་པར་བྱ་བ་ནི། སྐྱོབ་པ་སངས་རྒྱས་ཐམས
62a4 ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་དང་། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། དངོས་གྲུབ་ཐམས་ཅད་ཐོབ་བྱའི་ཕྱིར།། བདག་གི་དཀྱིལ་འཁོར་བྲི་བར་བྱ་ཞེས་ལན་གསུམ་བརྗོད་དོ།། དེ་ནས་སངས
62a5 རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སགོན་དུ་གནས་པར་བྱ་སྟེ། ཐུགས་བརྩེར་གནས་པའི་དགོངས་པ་ཅན། སངས་རྒྱས་བདག་ལ་དགོངས་སུ་གསོལ།། སྲས་དང་ལྷན་ཅིག་གཤེགས་ནས་ཀྱང་། སག་ནི་ཡོངས
62a6 སུ་གཟུང་བར་མཛོད། ། དེ་ནས་འཁོར་ལོའི་དབུས་སུ་ཆོས་ཀྱི་དཀྱིལ་འཁོར་བྱས་ལ། མཐའ་ཀུན་ཏུ་ཡང་མཚན་ནས་སྨོས་ཏེ་ཐིག་ལེར་བྱའོ།། དེ་ལྟར་སྤྱན་དྲངས་ཏེ་མཆོད་པས་མཉེས་པར་བྱས་ནས་ཕྱིར་བྱུང་སྟེ་ཕྱོགས་ཀྱི
62a7 གཏོར་མ་སྦྱིན་ནོ། ། དེ་ནས་སེམས་ཅན་སྟ་གོན་དུ་གནས་པར་བྱ་སྟེ་སྤོས་ཆུས་སྤྱི་བོར་གསང་གཏོར་བྱས་ན། ལག་པ་སྙིང་ཁང་བཀྲམ་ནས་སུ།། རྩེ་མོ་ལྔ་བརྒྱ་གྲམ་བྱ། གཡས་པས་བསྲུང་བསྐུད་བཅིངས་ནས་སུ།། གཡས
62a8 ལག་སོ་ཤིང་ཀུ་ཤ་སྦྱིན། དེ་ནས་འདུག་སྟེ་གསུམ་ལ་སྐྱབས་སུ་བཏང་བ་དང་། སྡིག་པ་ཀུན་ཏུ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་བྱང་ཆུབ་སེམས་སུ་བསྐྱེད་པར་བྱའོ།།
iiif viewer powered by OpenSeadragon
61b - 62b