| | e-texts navigator
|
58a1 བར་ཁྲོ་ཆུ་ཁོལ་མར་གྱུར། ། དེ་འཐུངས་བཀྲུས་པས་གང་གནོད་པ།། རྡུལ་དུ་བརྟག་སྟེ་དག་པར་བསམ།། བརྩམས་པར་ལས་ལ་ཐ་ཚོམ་མེད།། རྡོ་རྗེ་ཟེང་ཐོས་ཀྱི་རྒྱུད་ལས་བུམ་པ་ཁྲོས་པའི་ལེའུ
58a2 སྟེ་བཅུ་གཅིག་པའོ། ། ། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྷ་བསྒོམ་འཁོར་ལོ་བསྐོར།། རོངས་ཀྱི་དྲུག་བྱ་རོག་སྨོས།། ཁྲུག་ཙམ་གྱི་མཚན་ཉིད་ལ།། འཆི་བར་བྱེད་པའི་སྐྲག་ཚལ།། ལུག
58a3 བའི་སྒོ་རྩ་གཡས་པ་ཡིས། ། དྲག་སྔགས་མཉམ་པའི་རེ་མིག་བྲི།། དེ་ནས་མཚན་མར་གང་དམིགས་གཟུགས།། ཁ་དོག་རིགས་བཞི་ཉིད་དུ་བྱ།། དེ་སྙིང་དྲག་སྔགས་རེ་རེ་དགོད།། མཎ་ཌ་ལ་གང་མ་དྲིས་བླུགས་ཏེ།། དཀར
58a4 དང་དམར་དང་སེར་དང་ལྡང་། ། རྨ་བྱའི་སྒྲོ་ཡིས་བརྒྱན་བྱས་ཏེ།། ལྷ་བསྒོམ་ཁྱད་པར་འ་ཁོར་ལོ་འཛིན།། འཁོར་ལོ་བསྐོར་བའི་རིམ་པ་ནི།། དྲག་སྔགས་མཉམ་པའི་འཁོར་ལོ་བསྐོར།། སྔགས་ནི།། ནཱ་ག་ཙཀྲ་མཱ་རན་ཧཱུཾ
58a5 ཕཊ། ། གང་བསམས་འདི་ལ་ཐེ་ཚོམ་མེད།། རྡོ་རྗེ་ཕྲེང་ཁྲོས་ཀྱི་རྒྱུད་ལས་འཁོར་ལོ་ཁྲོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྷ་བསྒོམ་པུར་པ་གདབ།། ལྕགས
58a6 སམ་སེང་ལྡེང་དུག་ཤིང་ལ། ། སྔགས་གྲངས་མཉམ་པའི་ཕུར་པ་བཤམ།། འཁོར་ལོའི་མཐའ་མ་བསྐོར་ཏེ་དགོད།། ལྷ་བསྒོམས་ཁྱད་པར་བུར་བ་འཛིན།། དྲག་སྔགས་བཟླས་པའི་རིམ་པ་ནི།། ནཱ་ག་བཛྲ་ཀི་ལ་ཡ་མཱ་རན
58a7 ཧཱུཾ་ཕཊ། ། སྔགས་གྲངས་མཉམ་པའི་ཕུར་པ་བཤམ།། བརྩམས་པའི་ལས་ལ་ཐེ་ཚོམ་མེད།། རྡོ་རྗེ་ཐེང་ཐོས་ཀྱི་རྒྱུ་ལས་པུར་པ་ཁྲོས་པའི་ལེའུ་སྟེ་བཅུ་གསུས་པའོ།། ། དེ་ནས་མངོན་པར་བཤད་བྱ
58a8 བ། ། རྫས་བསག་ལྷ་བསྒོམ་སྦྱིན་བསྲེག་བྱ།། བདུག་པའི་ཤིང་བུ་ཁྲུ་གད་ཚད།། སྔགས་ཀྱི་གྲངས་ཀྱང་མཉམ་པར་བྱ།། སྔོན་དམར་སྐུད་པས་རིམ་གསུམ་དཀྲི།། བར་དེར་འཁོར་ལོའི་སྲོག་རྩ་བཅད།། ལག་དུ་གྲི
iiif viewer powered by OpenSeadragon
57b - 58b