e-texts navigator
Collection
Volume
Page
Wylie

57b1 ལསའི་བྱེད་མཆོད་ཐབས་ཀྱི་མའུ་སྟེ་བརྒྱད་པའོ། ། ། དེ་ནས་མངོན་པར་བཤད་བྱ་བ།། བཙན་དྲུག་གུ་གུལ་གཱ་རྩི་དང་།། ཤུ་དག་ཤིང་ཀུན་སུ་འི་དྲུག། གསང་སྔགས་བཏབ་ཏེ་ལུས་ལ་བྱུག། གུ་གུལ་ཉལ་ཟས་གཅ་དང།
57b2 སྒྲོག་པ་ཤུ་དག་ཆེན་རྣམས།། བདུག་པ་བྱས་ཏེ་ཡང་ན་བཀྲུ།། གསེར་ག་ཅུ་བྱི་རུ་མིག་མ་ཟུག། བཙན་དྲུག་མ་བྱའི་མཁྲིས་པར་བཅས།། བཅངས་ན་བསྲུང་བའི་མཆོག་ཏུ་འགྱུར།། རྡོ་རྗེས་ས་ཀྱི་རྒྱུད་ལས་རྟེན་འབྲེལ་རྫས།
57b3 ཀྱི་ལེའུ་སྟེ་དགུ་པའོ།། །། རྡོ་རྗེ་རྗེ་ཐོས་ཀྱི་རྒྱུད་ལས་དུམ་བུ་དང་པོ་བསྟན་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། གདུག་པ་ཐམས་ཅད་འདུལ་བའི་ཕྱིར།། དྲག་སྔགས་འདི་དག་བརྗོད་པར་བྱའོ།།
57b4 ཨོཾ་མཱ་ར་ན་སོད་སོང་།། མཱ་རན་བྱིང་བྱིང་།། མཱ་རན་རྨུགས་རྨུགས།། མཱ་རན་ཧ་ལ་ཧ་ལ།། མཱ་རན་དུད་དུ་ན།། མཱ་རན་མྱོས་མྱོས།། མཱ་ངན་མྱོས་བྱིང་ཐུམ་རིལ་ཛ།། མི་ཚིགས་སྤངས་ཏེ་དྲག་སྔགས་འདི།། དབུགས་མ་ཤོ་བར
57b5 སྲུབ་མས་དྲངས། ། བུམ་པར་བསྟིམས་ནས་རྟགས་ཐོབ་ནས།། འཐུངས་སམ་བཀྲུས་ན་དངོས་གྲུབ་ཐོབ།། སྔགས་ལ་བགི་མིང་སྦྱར་ནས།། ཡུངས་དཀར་གདུག་པའི་བུར་བ་ལ།། བརྗོད་དེ་ལས་ལ་སྦྱར་གྱུར་ན།། གང་ལ་བཟླས
57b6 པརླག་པར་འགྱུར། ། མ་བསྲུབས་ལན་གཅིག་བརྗོད་པས་ཀྱང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། མ་བྱུང་མི་འབྱུང་འབྱུང་མི་འགྱུར།། རྡོ་རྗེ་རྫོ་ཀྱི་རྒྱུད་ལས་དྲག་སྔགས་ཁྲོས་པའི་ལེའུ་སྟེ་བཅུ་པའོ།།
57b7 དེ་ནས་མངོན་པར་བཤད་བྱབ།། རྫས་བསག་ལྷ་བསྐྱེད་དྲག་སྔགས་བཟླས།། དགོས་པ་ཚང་བའི་བུམ་པ་སྟེ།། མི་དམིགས་པ་ལས་རིན་པོ་ཆེའི།། བུམ་པ་ཚུལ་དང་འཐུན་པར་བསམ།། དེ་ནས་པ་དང་ལ་ལས་ནི།། ཆུ
57b8 དངས་ཡི་དཀྱིལ་འཁོར་བསམ། ། ལྷ་བསྒོམས་ཁྱད་པར་བུམ་པ་འཛིན།། མཆུ་རྡོ་རྗེའི་སྦུ་གུ་སྟེ།། དེ་ནས་སྔགས་ཀྱི་འོད་ཟེར་འབྲོས།། ཕྱིར་འཕྲོས་གདུག་པ་མ་ལུས་བསྲེག། འོད་ཟེར་ལྕགས་ཀྱི་སྒྲུབ་མར་དྲངས།། པྲུ




iiif viewer powered by OpenSeadragon

57a - 58a

Texts on this page

Q101 - rdo rje bde khros rgyud kyi rgyal po