e-texts navigator
Collection
Volume
Page
Wylie

57a1 བཟང་ལ། ། རང་ངམ་གཞན་ལ་བཏགས་གྱུར་ན།། བར་ཆད་ཐམས་ཅད་ཉེར་ཞི་ནས།། ཚེ་དཔལ་བསོད་ནམས་རྒྱས་པར་འགྱུར།། རྡོ་རྗེ་ཀྲོ་ཀྱི་རྒྱུད་ལས་བསྲུང་བའི་ལེའུ་སྟེ་དྲུག་པའོ།།
57a2 དེ་ནས་མངོན་པར་བཤད་བྱ་བ།། འགྲོ་བ་དུག་གིས་གདུངས་པ་ལ།། གདུག་པའི་དབང་ཆེན་ལ་སོགས་པ།། འཚོ་བ་འདི་ལྟར་འབྱུང་བར་འགྱུར།། མི་དགའ་སེམས་འཕྱོ་འགྲོ་སྙིང་འདོད།། ཉམས་ཆུང་འཐིབས་དང་ལྟས་ཀྱང་ངན།།
57a3 ཡང་ཡང་ན་ཞིང་བསྟམས་སྣོལ་འོང་།། དེ་ནི་ཀླུའི་གནོད་པ་སྟེ།། ཚོར་ནས་ལེགས་པར་བཅོས་ན་ཟློགས།། ས་སྲིན་མི་ལ་འདི་ལྟར་གནོད།། ལུས་སྤྲིང་ཤ་འཕྲིག་ཤ་རོ་འབྱུང་།། ཤ་བཀྲ་ཐོར་བུ་དོ་ཡང་འགྱུར།། དེ་ཡང་ཚོར།
57a4 ནས་བཅོས་ན་ཟློགས།། ས་བདག་གནོད་ན་འདི་ལྟར་འགྱུར།། གདོང་ཡང་ཤིན་ཏུ་ལྡོག་འགྱུར་ཆེ།། ན་ཚའི་ཟུག་རྔུ་དྲག་པོར་འགྱུར།། རེས་འགའ་བདེ་བ་ལྟར་ཡང་བྱེད།། སྐབས་སུ་ཐིག་ལེ་ཁོ་ནར་ནི།། དེ་ཡང་བཅོས་དཀའ
57a5 ཤེས་པས་ཟློགས། ། གཉེན་གྱི་གནོད་པ་འདི་ཡིན་ཏེ།། ཤིན་ཏུ་ཚ་བའི་ཚབས་ཀྱང་ཆེ།། རྐང་ལག་མ་འཁུམས་དྲིམ་ལྡོག། ཤ་ཁྲག་ལུང་ནས་མིག་ཀྱང་སློང་།། ཁ་ཡོ་སཱ་ཡོ་ཆུ་སེར་ཟ།། ཁ་ཡང་མི་ཐུབ་གནོད་པ་ཟ།། ཆུ་བུར
57a6 བྱུང་ན་མཚང་ཡང་ཆེ། ། ཚོ་རབས་མི་ཆོག་བསྒྲིམ་པ་གཙེས།། གདོན་ཚོགས་གཞན་ཡང་ཡུན་མི་རྟག། ཕྲ་མོ་ཙམ་ལ་སོགས་བཟློགས།། ཀུན་ལ་བསྒྲིམས་ཏེ་བཅོས་ན་འཚོ།། རྡོ་རྗེ་ཐོས་ཀྱི་རྒྱུད་ལས་གཞན་གྱི་གནོད་པ
57a7 བརྟག་པའི་ལེའུ་སྟེ་བདུན་པའོ། ། ། དེ་ནས་མངོན་པར་བཤད་པར་བྱ།། དབང་ཆེན་ལ་སོགས་ཐམས་ཅད་ལ།། མཆོད་དང་གཏོར་མས་མགུ་བར་བྱ།། ཅི་འདོད་པ་ཡི་རྫས་རྣམས་སྦྱིན།། རྟེན་ཡོད་གནས་སུ།
57a8 ལེགས་པར་སྦ།། སྙན་པའི་ཚིག་གིས་བསྒོ་བྱས་ལ།། བུམ་པར་ནོར་བུ་རིན་ཆེན་གཞུག། མཛེས་པའི་དར་སྣ་འབྲུའི་མཛོད།། གང་གི་རྟེན་ལ་སྲས་གྱུར་ན།། གནོད་པ་རིགས་པ་ཞི་བར་འགྱུར།། རྡོ་རྗེ་བ་དེ་བ་ཁྲོས་ཀྱི་རྒྱུད




iiif viewer powered by OpenSeadragon

56b - 57b

Texts on this page

Q101 - rdo rje bde khros rgyud kyi rgyal po