| | e-texts navigator
|
168b1 འགྱུར་ན། ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ལྡན།། ཅུང་ཟད་འཇིགས་པར་མི་བྱའོ།། རྣལ་འབྱོར་གང་དང་གང་འདོད་པ།། དེ་རྣམས་ཐམས་ཅད་སྦྱང་བར་འགྱུར།། མ་ཧེ་དང་ནི་ཆུ་སྲིན་ནམ།། སྟག་གམ་དེ་བཞིན་གཞན་ཡང་།
168b2 ནི།། དྲེད་དང་སྦའུའི་ཁྱད་པར་ཅན།། དུག་དང་ཀེ་ཚེ་ཚྭ་དང་ནི།། ཤ~ཾ་བྷཱཉ་ཛན་ཚ་བ་གསུམ།། དེ་རྣམས་ལས་ནི་གཟུགས་བརྙན་ནི།། གཤིན་རྗེ་གཤེད་ཀྱི་གཟུགས་འཇིགས་བྱེད།། ཧྲཱིཿཥྚྲཱིཿལ་སོགས་སྔགས་བཟླས་ལ།
168b3 རྣལ་འབྱོར་པ་ཡས་གསོལ་བ་གདབ།། རྒྱལ་པོ་ཆེ་གེ་མོ་སོང་ལ།། བདག་ལ་དེ་ཡི་བྱ་བ་གྱིས།། བསྙེན་པ་བྱེ་བ་བཟླས་པས་འགྲུབ།། ངེས་པར་བདེན་པར་ཐེ་ཚོམ་མེད།། དེ་ནས་གཞན་ཡང་རྒྱལ་ཟླ་ཡི།། དཀར་ཕྱོགས་ཉི་མ
168b4 སྦུབས་ལྡན་ཆེ། ། རྡུལ་གྱི་གོས་ནི་ཡང་དག་བླང་།། རིམ་མཆོག་ཉིད་བྲི་བར་བྱ།། སྣག་ཚ་ཆེན་པོ་མཚུངས་སྦྱོར་བས།། དཀྱིལ་འཁོར་གྱི་ནི་བདག་པོ་ཉིད།། ཁ་དོག་དཀར་པོ་འཇིགས་ཆེན་པོ།། མཆོག་ནི་ཞལ་གཅིག་ཕྱག
168b5 གཉིས་པ། ། གཡས་ན་རྡོ་རྗེ་འབར་བ་དང་།། གཡོན་ན་ཁྲག་བཅས་མགོ་བོ་འཛིན།། གཡོན་བརྐྱང་ཞབས་དང་འཇིགས་པ་སྟེ།། རིན་ཆེན་ཅོད་པན་རྣམ་བརྒྱན་ཅིང་།། རིན་ཆེན་རྒྱན་རྣམས་ཡོངས་རྫོགས་ལ།། འོད་ཟེར་ཕྲེང་བས
168b6 འཁྲིགས་པ་སྟེ། ། རྒྱལ་པོ་གསོད་པར་བྱེད་པ་ནི།། འོག་གི་ཆ་ལ་ངེས་པར་སྦྱར།། མིང་བཅས་ཁ་དོག་ཡང་དག་ལྡན།། ཇི་ལྟ་བ་ཡི་རྣམ་པར་གནས།། ལྷ་ལ་ཡོངས་སུ་རྫོགས་པར་བྱ།། ཇི་ལྟ་བ་ཡི་དངོས་པོའི་ཚད།། དཀྱིལ
168b7 འཁོར་གྲུ་གསུམ་ངེས་པར་ནི། ། དེ་ཡི་མདུན་དུ་སྦྱིན་བསྲེག་བྱ།། སྦྱིན་བསྲེག་འབུམ་གྱིས་རྒྱལ་པོ་ནི།། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ནས་གཞན་ཡང་ཟླ་གཟས་བཟུང་།། ཡང་ན་ཉི་མ་མ་མཐོང་ཚེ།། དུར་ཁྲོད་ཐལ་བ
168b8 བླངས་ནས་ནི། ། བརྟུལ་ཞུགས་ཅན་གྱིས་གཟུགས་བརྙན་བྱ།། རྭ་ཅན་སྐེ་ཚེ་ཤ་ལྔ་དང་།། ནི་བདྷ་ཏུ་རའི་ལོ་མ།། ཆོ་ག་འདི་ཡིས་གཅིག་བྱས་ནས།། མཁས་པ་ཡིས་ནི་གཟུགས་བརྙན་བྱ།། ཁ་དོག་སྔོན་པོ་འཇིགས་ཆེན་པོ།།
iiif viewer powered by OpenSeadragon
168a - 169a