| | e-texts navigator
|
168a1 ཡིས། ། མགོ་ལ་བླུགས་པ་ཙམ་གྱིས་ནི།། མགོ་ཡི་ཟུག་རྣམས་འཇོམས་པར་འགྱུར།། བདུན་ཉིད་མངོན་པར་བསྔགས་བྱས་ཏེ།། ལག་པས་མགོ་བོ་མཉེ་བྱས་ན།། མགོ་ཡི་ཟུག་རྔུ་མི་འབྱུང
168a2 ཞིང་། ། ཉམས་པར་འདི་ལ་ཐེ་ཚོམ་མེད།། བྲམ་ཟེ་ཡི་ནི་ཤ་དག་དང་།། དུར་ཁྲོད་ས་དང་ཐལ་བ་ལ།། གཤིན་རྗེ་གཤེད་ཀྱི་སྐུ་གཟུགས་བྱ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། གཡས་ན་རྡོ་རྗེ་ཆེན་པོ་སྟེ།། གཡོན་ན
168a3 མགོ་བོ་དེ་བཞིན་དུ། ། ཁ་དོག་དཀར་པོ་འཇིགས་ཆེན་པོ།། དེ་ཡིས་གདུག་པ་འཇོམས་པར་བྱེད།། བདུད་རྩི་རྣམ་པ་ལྔ་ཡིས་ནི།། ཉི་མ་སོ་སོར་གཏོར་མ་སྦྱིན།། བདག་གི་དགྲ་བོ་སོང་ཅིག་ཅེས།། རྣལ་འབྱོར་པ་ཡིས
168a4 ཏག་གསོལ་གདབ། ། འདི་སྨྲས་མཚན་མོ་ཉལ་བ་ལས།། དགྲ་བོ་ཐོ་རངས་འཆི་བར་འགྱུར།། ཡང་ན་ནད་ཀྱིས་འདེ་བྲ་འགྱུར་ཏེ།། ཆུ་འགགས་ལ་སོགས་ཀྱིས་ཁྱབ་འགྱུར།། དགྲ་ལས་རྣམ་པར་སྣང་མཛད་བླང་།། མི
168a5 མིནང་སྦུབས་ཡོངས་བཀང་སྟེ། ། སྔགས་ནི་འབུམ་དུ་བཟླས་ནནི།། ཤིང་གི་དྲུང་དུ་མངོན་པར་འགྱུལ།། ཡི་དགས་ནགས་སུ་རྟག་ཏུ་འཁྱམ།། རྣལ་འབྱོར་དབང་ཕྱུག་ཚིམ་པས་དེ།། ཚོགས་དེན་རྣམས་རབ་ཏུ་འགྲུས
168a6 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་འཇིགས་པར་བྱེད་པ་ཞེས་བྱ་བ་སྟེ་རིམ་པར་ཕྱེ་བ་བཞི་པའོ། ། །། དེ་ནས་རྒྱལ་པོ་རབ་བསྒྲུབ་པ།
168a7 བདག་གིས་ཡང་དག་བཤད་པར་བྱ།། མ་ཉམས་དེ་བཞིན་མ་མེད་པ།། ལྗོན་ཤིང་དག་ལ་སྦྱངས་པ་བླང་།། ཕབ་ནས་ལེགས་པར་ཁྲུས་བྱས་ཏེ།། ཕྲེང་བའི་བཟླས་པས་བསྒྲུབ་པར་བྱ།། ཟླ་བ་ཟླ་བར་བཅུ་བཞི་ལ།། བདུད་རྩ
168a8 ལྔདང་ལྡན་པའི། ། ཤ་ལྤ་ཡིས་ནི་དྲུག་བྱས་ལ།། མཆོག་གི་བརྣམ་པས་བཟླས་པར་བྱ།། འདིར་བྱེད་པ་བཟླས་པ་ཡིས།། རྒྱལ་པོ་ངས་པར་འགྲུ་འགྱུར་ཏེ།། ས་མ་སྔགས་ཀྱི་རྣས་པ་སེཾས།། འད་སྔགས་པར་བྱང
iiif viewer powered by OpenSeadragon
167b - 168b