| | e-texts navigator
|
167b1 རྣམ་པར་བསམ། ། བཅུ་བཞི་འམ་ནི་བརྒྱད་དག་ལ།། དུར་ཁྲོད་དབུས་སུ་སྦ་བར་བྱ།། བདུད་རྩི་ལྔ་དང་མཚུངས་པར་ལྡན།། ཐུན་མཚམས་གསུམ་དུ་བཟླས་པ་ཁྲི།། ཟླ་བ་སོ་སོའི་བཅུ་བཞི་ལ།། གཏོར་མས་སྔོན་དུ་མཆོད
167b2 བར་བྱ། ། ཟླ་བ་རེ་ལ་བཟླས་པ་འབུམ།། འབུམ་ཕྲག་ལྔ་ཡིས་འགྲུབ་པར་འགྱུར།། གྲུབ་ན་རལ་གྲི་རབ་ཏུ་འབར།། འོད་ཟེར་ལྔ་ཡི་ཐོག་ཆེན་འཁྲུག། གྲུབ་པ་དེ་ནི་བཟུང་གྱུར་པས།། མི་རྣམས་ཁམས་གསུམ
167b3 ལས་རྒྱལ་འགྱུར། ། རྣལ་འབྱོར་གང་གིས་རལ་གྲི་གྲུབ།། གཤིན་རྗེ་གཤེད་པོ་འཇིགས་བྱེད་སྦྱོར།། བདེ་བར་འགྲུབ་ཅིངས་ཆེན་གྱི།། དེ་ཡི་འཐབ་པ་བཟོད་མི་ནུས།། རྐང་གཉིས་པ་དང་རྐང་བཞི་ཀུན།། མཐོང་བས
167b4 སྐབས་བཅུ་རུ་འགྱུར། ། ལྷ་དང་ལྷ་མིན་གྱིས་མི་བཟོད།། མེ་ཡི་འཇིག་རྟེན་སྨོས་ཅི་དགོས།། རྒྱ་མཚོའི་ས་ནི་བླངས་བྱས་ལ།། ཀླུ་ཡི་གཟུགས་ནི་སྦྱར་བར་བྱ།། ཨོཾ་ཕུ་ཡི་གེ་ཧཱུཾ་ལ་དགོད།། ཧྲཱིཿཥྚྲཱིཿལ་སོགས
167b5 སྔགས་རྣམས་བཟླ། ། ཆར་མི་འབབ་པའི་དུས་རྣམས་ལ།། ཁྲི་ནི་བཟླས་པས་འབབ་པར་འགྱུར།། སྦྲུལ་ནག་ཤ་དང་ནིམ་པ་ཡི།། ལོམ་དག་ནི་བསྲེས་པ་ཡིས།། དེ་ཡི་རི་ལུ་ལེགས་པར་བྱ།། བརྡུལ་ཞུགས་ཅན
167b6 གྱིས་རྒྱ་མཚོར་འཕང་། ། ཁྲི་ཕྲག་བཟླས་པར་གྱུར་པ་ཡིས།། དཔའ་ཀློང་རངས་བྱེད་མཆོག་ཡིན་ནོ།། ཙན་ཌའི་ས་བོན་བརྒྱ་བཟུང་ཞིང་།། མོན་སྲན་དྲེའུ་འབྲས་བསྲེས་ཏེ།། འབུཾ་བྲག་བརྒྱད་བཟླས་སྦྱིན་བསྲེག་གིས།།
167b7 དེ་ཡིས་ལྷ་རྣམས་མཐོང་བར་འགྱུར།། དུར་ཁྲོད་རོ་བསྲེགས་མགལ་བའི་ཤིང་།། བརྟུལ་ཞུགས་ཅན་གྱིས་གཟུགས་བརྙན་བྲི།། སྨྱོ་བྱེད་ཁུ་བས་བྱུག་བྱས་ཏེ།། ཁྲི་ཕྲག་བཟླས་ན་མཛེ་ཡིས་འཁྱེར།། ཡུངས
167b8 དཀར་ས་བོན་བསྡུས་པ་ལ། ། འབུམ་ཕྲག་བནི་ཡི་བཟླས་བྱས་ཏེ།། སྦྲུལ་གྱིས་བཟུང་ནས་འགྱེལ་པ་ལ།། གཏོར་མ་འཚོ་བར་ཐེ་ཚོམ་མེད།། རི་བོ་ཆས་བཀས་ས་བླངས་ནས།། སྔགས་ནི་འབུམ་དུ་བཟླས་པ
iiif viewer powered by OpenSeadragon
167a - 168a