e-texts navigator
Collection
Volume
Page
Wylie

167a1 རླུང་དང་དྲིལ་སྦྱོར་ལྕགས་ཀྱུ་ཡིས། ། ཁུ་བའི་ཚོགས་རྣམས་འགུགས་པར་བྱེད།། བསྒོམ་དང་བཟླས་པ་རབ་སྦྱོར་བས།། སྐྱེ་བོས་དབེན་དང་ནགས་ཚལ་དུ།། ལས་འདི་རབ་ཏུ་བསྒྲུབ་པར་བྱ།། མཚན་མོ
167a2 བདུན་གྱི་སྦྱོར་བ་ཡིས། ། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཤིན་རྗེ་གཤེད་ཆེན་པོ་དུས་ཀྱི་དབྱེ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། འདིར་མཆོག་གི་དབང
167a3 བསྐུར་བའི་དམ་ཚིག་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་སྤྲོ་བར་མཛད་ནས། ཨུ་དྲི་བ་ར་མན་དཱ་ར།། ཡོངས་སུ་སྐྱེས་དང་སྣ་མ་དང་།། ཀར་ཎི་ཀ་ཡི་ཕྲེང་བ་རྣམས།། བུ་ཁྱོད་ཟུང་ལ་བྱིན་གྱིས་རློབས།། ཁམས་ག
167a4 རམ་གྲོ་ཆེན་པོ་ལ། ། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ།། བཟུང་ན་བདུད་ལས་རྒྱལ་བར་འགྱུར།། ལས་ཀྱི་རལ་གྲི་དམ་པ་འདི།། ཐབས་དང་ཤེས་རབ་རང་བཞིན་གྱི།། རྡོ་རྗེ་དྲིལ་བུ་བསྒྲུབ་པའི་ཕྱིར།། ཁུ་ཁྱོ་གས་པ
167a5 བའི་རྡོ་ཟུང་། ། སློབ་མ་ཡང་དག་གཟུང་བར་གྱིས།། འདི་ན་བབྱུང་བ་རིན་ཆེན་ཏེ།། རྔ་རྗེའི་ལུས་སུ་རབ་སྒྲུབ་པ།། མཾ་ཡི་བརྡུང་བྱ་ཡེ་ཤེས་རྦ།། བུ་ཁྱོད་ཀྱིས་ན་ཐམས་ཅད་དུ།། བ་མའི་ཁང་ཡང་བྱུང་བར་བྱ།།
167a6 གཤིན་རྗེག་ཤེད་ཀྱིས་རབ་ཏུ་གསུངས།། སེམས་ནི་རབ་ཏུ་དགའ་བ་ཡིས།། རྡོ་རྗེ་ཐོབས་བདག་ཉིད་ཚེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སུ་གསུང་ཐུགས་གཤིན་རྗེག་ཤེད་དམང་པོའི་རྒྱུད་ལས་སྔགས་ཀྱིས
167a7 འཁྲུགས་པ་རབ་ཏུ་སྦྱོར་བ་སྟེ་རིམ་པར་བྱ་བ་གསུམ་པའོ། ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། རལ་གྲི་སྒྲུབ་པ་གསུང་བར་མཛད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། ལྷམཁྱོ་ན་དབང་དུ་གྱུར། གཞན
167a8 རྗེགཤེད་ཀྱི་དཀྱིལ་འཁོར་གྱི། ། སློབ་དཔོན་རྣམས་གསུངས་རྒྱུ་བསྒྲུབ་ཕྱིར།། ཁབ་ལེན་ལྕགས་ཀྱི་རལ་གྲི་ཉིད།། དེ་རྣམས་ཡང་ན་བཅུད་ཅན་གྱི།། རལ་གྲི་ཁྲུ་གང་ཚད་བཅས་ཚད།། བརྟུལ་ཞུགས་ཅན་གྱིས




iiif viewer powered by OpenSeadragon

166b - 167b

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po