| | e-texts navigator
|
166a1 ལུས་ལ་གནས། ། སྡང་སེམས་མ་ཧེ་རྟ་དག་ལ།། བསྐྲད་པ་རྔ་མོའི་ལུས་ལ་གནས།། ཞི་བ་ཟླ་བའི་དཀྱིལ་འཁོར་དཀར།། རྒྱས་པ་ཟླ་བ་སེར་པོ་ལ།། བུད་མེད་སྙིང་ཁར་དབང་དུ་བྱ།། ངག་བཅིངས་ར་ཡི་ལུས
166a2 ལ་གནས། ། རེངས་པ་རི་རབ་དབུས་སུ་སྟེ།། དགུག་པ་སེང་གེ་སྟག་ལ་གནས།། དེ་བཞིན་གཞན་ཡང་མཚོན་པར་བྱ།། གི་ཧཾ་དང་ནི་རྒྱ་སྐྱེགས་དང་།། དེ་བཞིན་ཁ་ཆེའི་བྱེ་བྲག་གིས།། དབང་བྱ་གྲོ་ག་ཤིང་ཤུན་བྲི།། འགྲུབ
166a3 འགྱུར་འདི་ལ་ཐེ་ཚོམ་མེད། ། ཁམ་ཕོར་ཁ་སྦྱར་ནང་དུ་གཞུག། དགེ་བའི་སེམས་ཀྱིས་ཡང་དག་གཟུང་།། བྱ་རོག་སྒོ་ཡིས་བྲི་བར་བྱ།། པད་མ་ཁ་སྦྱར་དུར་ཁྲོད་ལ།། ཉི་མའི་གུང་ལ་སྦ་བར་བྱ།། གཤིན་རྗེ་གཤེད་ཀྱི
166a4 རྣལ་འབྱོར་བདག། ཨོཾ་དྷཱི་ཥྚྲཱིཿསོགས་སྔགས་བཟླས་ལ།། ལྷོ་ཕྱོགས་གནས་ཏེ་ཚར་གཅད་དོ།། ཞི་བའི་ཁ་དོག་ཡ་ཡིག་དབྱི།། ནི་གཉིས་ཀྱང་ནི་དེ་བཞིན་ནོ།། ཕྱི་ནས་དབུས་སུ་ཡ་ཡིག་ལས།། ལྷག་མའི་ཡི་གེ་ཙི
166a5 བདེ་བར། ། སྔོན་དུ་བསྙེན་པ་ཁྲི་བཟླས་ལ།། ལས་འདི་རབ་ཏུ་བསྒྲུབ་པར་བྱ།། ཡེ་ཤེས་རྡོ་རྗེས་བྱ་བ་སྟེ།། གཤིན་རྗེ་གཤེད་ཀྱི་སྦྱོར་བ་ཡིས།། དྲག་པོ་ཆེན་པོའི་དཀྱིལ་འཁོར་འདི།། གང་དུ་བྲིས་ཤིང་གནས་པ་དང་།
166a6 ཡི་གེ་བྲིས་པར་གྱུར་པ་ཡིས།། ཁྱིམ་དེ་རྟག་ཏུ་འཐབ་མོར་འགྱུར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས་འཁྲུལ་འཁོར་གྱི་སྐབས་རིམ་པར་ཕྱེ་བ
166a7 གཉིས་པའོ། ། །། རི་དང་སྐྱེ་བོ་དབེན་པའི་ཕྱོགས།། གསང་ཞིང་ཡིད་བཏགས་ས་བཞི་ལ།། རི་མོ་གསལ་བྲིས་རྣལ་འབྱོར་བདག། སྔགས་ཀྱིས་འགུགས་པ་བརྩམ་པར་བྱ།། དཀར་ཞིང་ཞལ་གཅིག་ཕྲག་གཉིས
166a8 པ། ། གྲི་གུག་ཐོད་པ་འཛིན་པ་ཡི།། ཙ་ར་ཙི་ཀཱ་ནི་བསྒོམ་པར་བྱ།། རྣལ་འབྱོར་ཁྲག་འགུགས་རབ་སྦྱོར་བ།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཆེན་པོ་དཀྲུག་པ་རྡོ་རྗེ་ཁྲག་འགུགས་པ་ཞེས་བྱ་བའི་ཏིང་ངེ་འན།
iiif viewer powered by OpenSeadragon
165b - 166b