e-texts navigator
Collection
Volume
Page
Wylie

165b1 ཀྱིས་གསོད་པ་ལ་སོགས་པའི་དམ་ཚིག་ཏུ་གསུངས་སོ། ། དེ་ནས་འཁོར་ལོ་གཉིས་བྲིས་ཏེ།། ཕཊ་ཀྱི་ཡི་གེའི་ནང་དུ་ནི།། བསྒྲུབ་བྱའི་མིང་དང་བཅས་པ་གཟུང་།། ཐོད་པ་ཡང་དག་སྦྱར་བྱས་ཏེ།། སྲད་བུ་ནག་པོས་དཀྲི་བར་བྱ།། ཞེ་སྡང
165b2 སེམས་ཀྱིས་ཉིན་གུང་ལ། ། དུར་ཁྲོད་དུ་ནི་གཞུག་པར་བྱ།། གཤིན་རྗེ་མཐར་བྱེད་མཚུངས་ལྟས་ནས།། བསྒྲུབ་བྱ་རང་གི་མདུན་དུ་བྱ།། རྟ་དང་མ་ཧེའི་སྟེང་ན་གནས།། གཉིས་པོ་དེ་ཡི་ལག་ན་མཚོན།། ཁྲོ་བའི་ཚོགས་ཀྱིས་ཅན
165b3 ནས་བསྐོར། ། གཉིས་པོའི་ཕྱོགས་ལ་བསམ་པར་བྱ།། གཉིས་པོ་དག་ནི་འཐབ་བྱེད་ཅིང་།། ཁྲོ་བས་སེམས་ནི་བཅིངས་པ་སྟེ།། འཐབ་མོ་བྱེད་པར་བསྒོམ་བྱས་ལ།། སྐོམ་ཞིང་བཟླས་པ་བརྩམ་པར་བྱ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ
165b4 ནན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལྷ་སྦྱིན་དང་མཆོད་སྦྱིན་དག་རྣམ་པར་ཞེ་སྡང་བར་གྱིས་ཤིག་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ཞེ་སྡང་ཆེན་པོའི་དམ་ཚིག་ཏུ་གསུངས་སོ། ། ཆོ་ག་དེ་ཡིས་སྔོན་མ་བཞིན།། འཁོར་ལོ་གཉིས་པོ་ཀུན་དུ
165b5 བྲི། ཧཱུ~ཾ་ཕཊ་ཡི་གེ་དག་གིས་བརྟེན།། ཐོད་པ་གཉིས་ནི་ཡང་དག་སྦྱར།། སྲང་བུ་ནག་པོས་ཡང་དག་དཀྲི།། ཕ་གཤིན་ནགས་སུ་བཞག་བྱས་ལ།། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས།། བསྒྲུབ་བྱ་སྔོན་དུ་གཟུང་བར
165b6 བསྒོམ། ། ཡཾ་ལས་ཟུང་བ་གཞུ་ཡི་དབྱངས།། རླུང་གི་དཀྱིལ་འཁོར་ནག་པོ་ལ།། རྔ་མ་ཆེན་མོ་ཁ་དོག་སྷོ།། དེ་མི་སྟེང་དུ་བསྒོམ་པར་བྱ།། དེ་ལ་མ་ཚུངས་ཆེན་པོ་ཏེ།། རྡོག་ཅིང་ཀྱི་ཕྱོགས་འདོད་པ་དང་།། ཁྲོ་བོ་རྣམས་ཀྱིས
165b7 འཇོམས་པ་དང་། ། སངས་རྒྱས་ཡིན་ཡང་བཟློག་པར་དཀའ།། ཨོཾ་ཧྲཱིཥྚྲྀཿཝ་ཀྲྀ་ཏཱ་ནན་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་ལྷ་སྦྱིན་སྐྲོད་པར་གྱིས་ཤིག་ཧཱུཾ་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་བསྐྲད་པ་ཆེན་པོའི་དམ་ཚིག་ཏུ་གསུངས་སོ།།
165b8 ནལ་འབྱོར་ཁྲོ་ཞིང་ལྷོར་ཕྱོགས་ལ།། ཟག་བཅས་དྲར་ཁྲོད་ཐལ་བ་དང་།། དུག་དང་ཆ་དང་གོ་ཚོ་དང་།། ཚ་བའི་མར་ཁུ་སྩོ་ལོམས།། དེ་བཞིན་དུར་ཁྲོད་གོས་ལ་ནི།། འཁོར་ལོ་གཉིས་པ་དེ་བཞིན་གྱི།། གསང་ཕྱག་ཤི་རྗེ




iiif viewer powered by OpenSeadragon

165a - 166a

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po