| | e-texts navigator
|
165a1 རྣམས་ཀྱན། ། གོ་བའི་ནང་གནས་རྒྱུ་མ་དང་།། ལུས་ལ་ཚེར་མས་གང་བ་དང་།། ནང་པ་གདོས་དང་སྲོག་གིས་བསྡམས།། དེ་བཞིན་དུམ་བུ་རུམ་ཟར་བྱས།། ལྤགས་པ་ངེས་པར་ཤུ་བར་བསམ།། སྐེ་ཆེན
165a2 ཡས་བྱུག་པར་བྱ། ། གྲང་བ་ཡིས་ནི་ལུས་འདོན་བསྒོམ།། དེ་ཡི་ལུས་ཀྱི་བསྲུངས་སོགས་རྣམས།། བཅད་ཅིང་བདག་ཉིད་མདུན་དུ་གཟུང་།། དེ་ཡི་གོ་ཆ་གཅད་པར་བྱ།། ལུས་ནི་དེ་བཞིན་སྟོང་པར་བསྒོམ།། བདག་གི་ལུས
165a3 ལས་སྐྱེས་པ་ཡི། ། ཁྲོ་བོ་གཤིན་རྗེ་གཤེད་གཟུགས་ཀྱིས།། འཇོམས་པ་དག་ཏུ་བསྒོམ་བྱ་ཞིང་།། རྐང་དང་ཚིལ་རྣམས་འཐུང་བ་སྟེ།། དེ་ཡི་མདུན་དུ་གཤིན་རྗེ་བསྒོམ།། ལག་ན་དབྱུག་པ་སྟོབས་ཆེན་ལྡན།། མ་རུངས་དེ་ཡིས།
165a4 གདུདྲུག་པ་དེ།། རྣམ་པར་འཇོམས་པར་བསྒོམ་པར་བྱ།། དེ་ཡི་རྒྱུ་མ་རྩ་རྣམས་ནི།། བྱ་རྒོད་ཀྱིས་བཟུང་མཁའ་ལ་འགྲོ།། ཀླུ་ཡིས་ས་འོག་འགུགས་པར་བྱེད།། ལྷ་མ་ཡིན་ལ་སོགས་པས་བཅིར།། དེ་ལྟར་བསྒྲུབ་བྱ་བསམ་པར
165a5 སྙིང་རྗེའི་སེམས་ཀྱིས་རབ་བཅིངས་ནས། ། འཁོར་བ་ལས་ནི་ཕ་རོལ་བྱས།། སངས་རྒྱས་རྣམས་ཀྱི་ཞིང་དུ་འགྲོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་ནས་གསུངས་པ།། འདི་ལྟ་སྟེ།
165a6 ཀྱི་མ་གསད་བྱ་ལེགས་པར་བྱས།། གསད་བངར་བྱབ་མ་བསད་དེ།། ཇི་སྲིད་སྡིག་རྣམས་གྲོལ་བར་བྱས།། ཤི་བ་དེ་ཡང་མ་ཤིསྟེ།། སྡིག་པ་སྟོང་ཕྲག་བྱས་པ་ལས།། མནར་མེད་ལ་སོགས་མི་སྐྱེའོ།། ཨེ་མ་བདག་ཉིད
165a7 བསང་པས་སངས་རྒྱས་བྱང་ཆུབ་ཐོབ། ། སླར་ཡང་བརྩེབས་སེམས་ཅན་རྣམས།། གས་བར་བྱབས་གསང་བར་བྱ།། ཨེ་མ་སྙིང་རྗེའི་སྟོབས་ཀྱིས་ཏེ།། སྙིང་རྗེད་མནཔས་འགྲུབ་མི་འགྱུར།། མོ་དྷཱི་ཧྲཱིཿ་ཝི་ཊི་རྔན
165a8 ནནུ་ཧཱུཾ་ཕཊ་ཕཊ་ཧཱུཾ་ལྷ་སྦྱིན་སོད་ཧཱུ~ཾ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུ~ཾ་ཕཊ་ལྷ་སྦྱིན་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པ་ནི་བཅོམ་ལྡན་འདས་ཀྱིས་རྟོག་པ་ཆེན་པོ་གསང་བའི་རྡོ་རྗེའི་འཁྲུལ་འཁོར་དང་སྔགས་དང་རྒྱུད
iiif viewer powered by OpenSeadragon
164b - 165b