e-texts navigator
Collection
Volume
Page
Wylie

164b1 ཞེས་པ་ན་འདིར་བཅོམ་ལྡན་འདས་ཀྱི་དག་རངས་པའི་དམ་ཚིག་ཏུ་གསུངས་སོ། ། ཤིན་དུམ་པར་ཐུག་ལེགས་པར་ཨུ0f7f།། ཇི་གར་འདི་ཡི་བྱ་བ་བ་ཤད།། ཉི་མ་གཅིག་གིས་འགྲུབ་པར་འགྱུར།། གཤིན་རྗེགཤེད་དམ
164b2 སྦྱོར་བས་སོ། ། དུར་ཁྲོད་རས་ལ་སྔོན་བཞིན་དུ།། འཁོར་ལོ་གཉིས་བྲི་བརྟུལ་ཞུགས་ཅན།། ཚེ་བ་དང་ཆ་དང་ནི།། དྲག་དང་ནིམ་བཀའ་མ་ནི།། ཚ་བ་གསུམ་དང་ཆ་ཀྱང་ངོ་།། དེ་བཞིན་དུར་ཁྲོད་སོལ་བ་དང་།། དྷ་དྲང་ཡིམ
164b3 མའི་ཆུ། ། ཙཎ་ཌའི་ས་བོན་དེ་བཞིན་དུ།། འཛུབ་མོ་ཡི་ནི་ཁྲག་བླངས་ཏེ།། ཙི་ཏྲ་ཀ་ཡི་ཁུ་བས་སམ།། ཚ་སྒོ་ཅན་གྱིས་བླངས་ཏེ།། རྡོལ་བའི་རྫ་ཡི་ཐེག་པ་དང་།། བྱ་རོག་སྒྲོ་ཡི་སྨྱུ་གུ་ཡིས།། བཅུ་བཞི་ལ་བྲི་བརྟུལ་ཞུགས
164b4 ཅན། ། གྲང་ཐུན་ཁྲོ་བའི་སེམས་ཀྱིས་ནི།། གདུག་པ་ཅན་རྣམས་གསང་བའི་ཕྱིར།། སྣ་ཚོགས་སེམས་ཅན་རྣམས་འཇོམས་པ།། ཧཱུཾ་གི་ཡི་གེས་མཐའ་བརྟེན་ལ།། རྣལ་འབྱོར་ཁ་ནི་ལྷོ་རུ་ཕྱོགས།། བདག་ཉིད་གཤིན་རྗེ
164b5 འཇོམས་བྱེད་སྟེ། ། ཁྲོ་བོའི་གཟུགས་ཅན་གཏུམ་པོ་ཆེ།། མགོ་བོའི་དྲིམ་བུས་རྣམ་པར་བརྒྱན།། མ་ཧེ་ལ་བཞུགས་ལྗགས་བསྐྱོད་ཅིང་།། གསུས་ཆེན་འཇིགས་པར་བྱེད་པ་པོ།། མཆེ་གཙིགས་སྒྲ་ནི་གྱེན་དུ་བརྫེས།། སྨིན
164b6 མདམ་སར་དེ་བཞིན་དུ། ། གཡས་ན་རྡོ་རྗེའི་དབྱུག་ཆེན་ལ།། དེ་བཞིན་གཡོན་ན་ཐོད་པའོ།། མི་སྡུག་མཆེ་བ་རབ་ཏུ་གཙིགས།། བསྐལ་བའི་མེ་ནི་འབར་བ་བཞིན།། དེ་བཞིན་བདག་ཉིད་རྣམ་པར་བསྒོམ།། མྱུར་དུ
164b7 བསྒྲུབ་བྱ་དེ་མདུན་བཟུང་། ། དྲི་མ་དང་ནི་རྨ་དག་དང་།། གདུག་པའི་ནད་ཀྱིས་བཟུང་ཞིང་འཇོམས།། གོས་དང་བྲལ་ཞིང་འདར་བར་བྱེད།། དལ་ཞིང་ལུས་ནི་རྨ་དང་ལྡན།། བོལ་གྱི་ཕྲེང་བས་ལུས་ལ་གཟུང་།། མཚོན་གྱིས་རྦ
164b8 ནི་གདོད་པར་བྱེད། ། གྲང་བ་དང་ནི་རླུང་གིས་གཙེས།། མེ་ཡི་དབུས་སུ་ཡང་དག་བརྟེན།། མཧེ་སྟག་དང་ཁྱི་རྣམས་དང་།། མཆུ་རིངས་རྣམས་ཀྱིས་ཟ་བར་བྱེད།། སངས་རྒྱས་སྡེ་རྣམས་འཇོམས་བྱེད་པའི།། མ་རུངས་ཆེན་པོ




iiif viewer powered by OpenSeadragon

164a - 165a

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po