e-texts navigator
Collection
Volume
Page
Wylie

164a1 ས་ཨ་ན་ཏུ་དྲུག་ས་ནན་སཿ་ས་ཤ་ཞེས་པན་འད་ལྡན་ནས
164a2 དམ་ཚིག་ཏུ་གསུངས་སོ། ། རྡོ་ལྡན་གང་གིས་དུར་ཁྲོད་གོས།། ལུང་བདག་གི་ཁུ་བ་ཡིས།། འཁོར་ལོ་གཉིས་ནི་ཡང་དག་ཟི།། ལཾ་ཡིག་དག་གིས་བརྟེན་བྱས་ལ།། བསྒྲུབ་བྱའི་མིང་ནི་ཡང་དག་གཟུང་།། ཁས
164a3 པོར་ཁ་སྦྱོར་དབུས་སུའོ། ། ཁམ་པོར་སར་པོ་སྟེང་དུ་གཞག། དེ་ལ་མཁས་པས་རེ་ཁཱ་བྲི།། བདུན་དང་བཞི་པའི་རེ་ཁཱ་སོགས།། ཡང་དག་བྲིས་ཏེ་ཏིང་འཛིན་བྱ།། རི་རབ་རྩེ་མོ་བརྒྱད་པར་ཟགས།། དེ་ཡི་སྟེང་དུ་ཡང་དག་བྲི།
164a4 ཧཱུཾ་ཡིག་དང་ནི་བཾ་ཡིག་སྟེ།། དེ་ཡི་དབུས་སུ་རི་རབ་པོ།། དེ་ཡི་སྟེང་དུ་ལཾ་ཡིག་གིས།། དབང་ཆེན་དཀྱིལ་འཁོར་དགོད་པར་བྱ།། སྣ་ཚོགས་རྡོ་རྗེས་མནན་བྱ་ཞིང་།། སྲེད་བུ་སེར་པོས་བཅིང་བར་བྱ།། གཤིན་རྗེ་འཇོམས་བྱེད
164a5 ཁདོག་སེར། ། བདག་ཉིད་རྣམ་པར་བསམ་པར་བྱ།། བདག་ཉིད་ཁ་ནི་ལྷོ་རུ་ཕྱོགས།། དབང་ཆེན་དཀྱིལ་འཁོར་གྱིས་མནན་པའི།། སྒྲུབ་བྱ་སེར་པོ་རྣམ་པར་བསམ།། མྱུར་ངུ་རི་བོ་དགོད་ཅིང་གནོན།། སྣ་ཚོགས་རྡོ
164a6 རྗེས་མནན་བྱས་ལ། ། དབང་ཆེན་དཀྱིལ་འཁོར་འོག་དག་ཏུ།། མནད་ར་སོགས་རི་འཇིགས་དང་།། གངས་རི་མི་གཡོར་གྱུར་པ་ཡིས།། བསྒྲུབ་བྱ་མནན་པར་བསྒོམ་པར་བྱ།། དེ་ལ་འདི་བཞིན་བཟླས་པར་བྱ།། ཨོཾ་ཧྲཱིཿ
164a7 དྷཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལཾ་ལྷ་སྦྱིན་རང་གནས་སུ་རེངས་ལཾ་སྭཱ་ཧཱ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་རེངས་པ་ཆེན་པོའི་དམ་ཚིག་གོ།། ངག་ནི་རེངས་པར་འདོད་པ་ཡིས།། འཁོར་ལོ་གཉིས་པོ་དེ་བཞིན་བྲི།། ནང
164a8 དུ་བསྒྲུབ་བྱའི་མིང་བྱས་ནའང་། ། དེ་ལ་སྔགས་ནི་སྤྲོ་ཞིང་བཟླས།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལཾ་ལྷ་སྦྱིན་གྱི་འདོད་པའི་དོན་གྱི་ཕྱིར་འགོག་ཅིང་ངན་པར་སྤྲོས་ཤིག། མཆོད་སྦྱིན་གྱི་དག་སྟཾ་བྷ་ན་ཀུ་རུ་ལ~ཾ




iiif viewer powered by OpenSeadragon

163b - 164b

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po