e-texts navigator
Collection
Volume
Page
Wylie

163b1 མཆོད་པར་བྱ། ། ཁ་དོག་དམར་པོ་འབར་བ་རྩེ།། བདག་ཉིད་གཤིན་རྗེ་འཇོམས་བྱེད་ལ།། བསྒྲུབ་བྱཟླ་བ་དམར་པོའི་བྱང་།། དེ་བཞིན་དུ་ནི་བསམ་པར་བྱ།། རང་གི་ལུས་ལས་འཐོན་གྱུར་ཏེ།། འོད་ཟེར་དམར་པོའི་ལུགས
163b2 ཀླུ་ཡིས། ། བསྒྲུབ་བྱ་འགུགས་པར་བསྒོམ་པར་བྱ།། སྔགས་ནི་ཁྲི་ཙམ་སྤྲོ་ཞིང་བཟླས།། དེས་ནི་བསྒྲུབ་བྱ་མྱོས་གྱུར་ཏེ།། རྐང་པ་དག་ནི་དེ་བཞིན་འགྱེལ།། གོས་བྲལ་སྒྲ་ནི་གྲོལ་བ་རུ།། བསམ་ཞིང་བཟླས་པ་བརྩམ
163b3 བར་བྱ། ། གལ་ཏེ་དབང་དུ་མ་གྱུར་ན།། བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བསྲོ།། མར་སོགས་བྲལ་བར་བྱས་ནས་ནི།། དུ་མེད་སེང་ལྡེང་མ་ལའོ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོཿལྷ་སྦྱིན་གྱིས་མཆོད
163b4 སྦྱིན་དབང་དུ་གྱིས་ཤིག་སྭཱ་ཧཱ། ། ཨོཾ་ཧྲཱིཿཥྚྲྀཿཝི་ཀྲ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། བོ་ཥ་ཊ་ལྷ་སྦྱིན་གྱིས་མཆོད་སྦྱིན་དབང་དུ་གྱིས་ཤིག་བོ་ཥ་ཊ་ཞེས་པ་ནི་འདིར་བཅོམ་ལྡན་འདས་ཀྱིས་དབང་གི་དམ་ཚིག་ཏུ་གསུངས་སོ།།
163b5 ཡང་ན་དུར་ཁྲོད་གོས་དག་གམ།། རང་བྱུང་གིས་བྱུགས་རས་དག་ལ།། རྒྱ་སྐྱེགས་ཁྲག་དང་བསྲེས་པ་ཡིས།། འཁོར་ལོ་གཉིས་ནི་ཡང་དག་བྲི།། ཛཿཡིག་དང་ནི་ཧྲཱིཿཡིག་གིས།། བསྒྲུབ་བྱའི་མིང་ནི་བརྟེན
163b6 བྱས་ལ། ། བུད་མེད་པད་མའི་སྣོད་དག་ནི།། ཁ་སྦྱར་ནང་བཅུག་མཆོད་པར་བྱ།། སྲད་བུ་དམར་པོས་དཀྲི་བྱས་ལ།། མེ་ཏོག་དམར་པོས་མཆོད་པར་བྱ།། ཉི་མ་འཆར་ཁ་དང་མཚུངས་དམར།། བདག་ཉིད་གཤིན།།
163b7 རྗེ་འཇོམས་བྱེད་དོ།། ཁ་དོག་དམར་པོའི་ལྕགས་ཀྱུ་ཡིས།། བསྒྲུབ་བྱ་ཁྲུགས་པར་བསྒོམ་པར་བྱ།། སྙིང་ཁར་ལྕགས་ཀྱུས་དགུག་བྱ་ཞིང་།། མགྲིན་པ་ནགས་པས་བཅིང་བར་བྱ།། སེང་གེ་དམར་པོ་ལ་ཞོན་ནས།། རླུང་གི།
163b8 དཀྱིལ་འཁོར་སྦྱར་བ་ཡིས།། འོད་བདག་ནི་བསམ་བྱ་ཞིང་།། བདུད་རྩི་ལྔ་ཡི་ཆུ་ཡིས་བཀྲ།། གལ་ཏེ་བསྲུབ་བྱ་མ་འོངས་ན།། བརྟུལ་ཞུགས་ཅན་གྱིས་འཁྲུལ་འཁོར་བམོ།། སེང་ལྡེང་ཤིང་གི་མ་ལའོ།། དེ་ནས་བཟླས་པ




iiif viewer powered by OpenSeadragon

163a - 164a

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po