| | e-texts navigator
|
163a1 བར་བྱ། ། མེ་ཏོག་དཀར་པོས་ཐུན་མཚམས་གས་མ།། མཆོད་བྱ་ཁཱ་ནི་ཤར་དུ་ཕྱོགས།། གཤིན་རྗེ་མཐར་བྱེད་ཚུ་ཤེལ་བཞིན།། བདག་ཉིད་བསྒོམས་ནས་བསྒྲུབ་བྱན།། མདུད་དུ་ཟླ་བའི་དཀྱིལ་འཁོར་མེར
163a2 བལྟས་ལ་མངོན་པར་དབང་བསྐུར་རོ། ། བུམ་པ་དཀར་པོ་ཟླ་བ་བཞིན།། བདུད་རྩི་ལྔ་ཡིས་ཡོངས་སུ་གང་།། སངས་རྒྱས་རྣམས་ཀྱིས་ཁྲུས་མཛད་པ།། ཡང་དག་བལྟ་ཞིང་བཟླས་པ་བརྩམ།། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱནན་ཧཱུཾ
163a3 ཧཱུཾ་ཕཊ་ཕཊ། ། ན་མཿལྷ་སྦྱིན་ལ་ཤཱན་ཏཱི་ཀཱ་རུ་ན་མཿ། ཞི་བའི་དམ་ཚིག་འདི་ལྟ་སྟེ།། སྐྱེས་བུ་རྣམས་ཀྱི་ཞི་བ་ལ།། གྲར་གུམ་གྱིས་བྲི་རྒྱས་པ་ཡང་།། འཁོར་ལོ་གཉིས་བྲི་ཁ་ཆ་ཡིས།། སྭཱ་ཧཱའི་དབུས་སུ་མིང་བཅུག་སྟེ།།
163a4 བསྒྲུབ་བྱའི་མིང་བླང་དེ་རྣམས་ལ།། ཕུ་ཡིས་མངོན་པར་གཏོར་བར་བྱ།། ཁམ་པོར་ཁ་སྦྱོར་ནང་བཅུག་ནས།། སྲད་བུ་སེར་པོས་དཀྲི་བར་བྱ།། ཁ་ནི་བྱང་བལྟས་ཐུན་མཚམས་གསུམ།། མེ་ཏོག་སེར་པོས་མཆོད
163a5 པར་བྱ། ། ཁ་དོག་སེར་པོ་གཤིན་རྗེ་གཤེད།། བདག་ཉིད་ངེས་པར་བལྟ་བར་བྱ།། བསྒྲུབ་བྱ་ཟླ་བ་སེར་ལ་གནས།། བུམ་པ་སེར་པོའི་ཆུ་ཡིས་བཀྲུ།། མངོན་པར་དབང་བསྐུར་བསྒོམ་པར་བྱ།། རྒྱས་པར་བྱ་ཕྱིར་ཡང
163a6 དག་བཟླ། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། ལྷ་སྦྱིན་གྱི་པུཥྚི་ཀུ་རུ་སཱ་ཧཱ།། བཽ་ཥ་ཊ་ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ལྷ་སྦྱིན་གྱི་པུཥྚིཾ་ཀུ་རུ་བོ་ཥཊ། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་རྒྱས་པའི
163a7 དམ་ཚིག་དུ་གསུངས་སོ། ། ཐོ་ག་འམ་ནི་རས་དག་ལ།། རྒྱ་སྐྱེགས་དག་གི་ཁྲོ་བའམ།། ཡང་ན་ཅན་དན་དམ་ར་བ་ལ།། མིང་མེད་དག་གི་ཁྲག་བསྲོས་ནས།། འཁོར་ལོ་གཉིས་ནི་ཡང་དག་ཟི།། ཧོཿཡིག་གིས་བརྟེན་བྱས
163a8 པབ་ཡི། ། འཁྲུལ་འཁོར་ནག་སོགས་དང་བྲལ་བ།། ཁམ་ཕོར་གཉིས་ནི་ཡང་དག་སྦྱར།། མར་དང་སྦྲང་རྩི་བཅུག་བྱས་ལ།། སྲད་བུ་དམར་པོས་དཀྲི་བར་བྱ།། ཁ་ནི་ནུབ་ཏུ་མངོན་ཕྱོགས་གནས།། མེ་ཏོག་དམར་པོས
iiif viewer powered by OpenSeadragon
162b - 163b