| | e-texts navigator
|
162b1 དེ་བཞིན་དཀྱིལ་འཁོར་མཆོག་འདི་ལ།། སྙིང་ལའི་ཡེ་ཤེས་དགུག་གཞུག་བྱ།། རྣམ་པར་རྟོག་པ་ཐམས་ཅད་སྤངས།། ཐོག་མཐའ་དབུས་མའི་དབྱེ་བ་ཡིས།། དཔག་མེད་གཟུང་བྱེ་དེ་ལ་ཡང་།། འཁྲུལ་པའི་གཟུགས་ལ་དེ་ཉིད
162b2 མེད། ། གང་ལས་འཁྲུལ་པ་གཉིས་ལ་གནས།། འཁྲུལ་མེད་ཐམས་ཅད་སེམས་ལ་སྦྱིན།། འཕྲོ་དང་བསྡུ་བ་རྣམ་པར་གཟུང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེའི་གཤེད་དམར་པོའི་ཆུད
162b3 ལས་མངོན་རྟོགས་ཀྱི་རིམ་པར་ཕྱེ་བ་སྟེ་དང་པོའོ། ། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་གསོལ་བ་བཏབ་པ
162b4 དང་། ཇི་ལྟར་སེམས་ཅན་རབ་འཇུག་ལ།། ལས་ཀྱི་དབྱེ་བའི་རབ་དབྱེ་ལས།། ཡེ་ཤེས་ཀྱི་ནི་རྒྱ་མཚ་རྣམས།། རྡོ་རྗེ་ཆེན་པོ་བཤད་ཀྱིས་ཉོན།། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། ལས་ཀུན་ཐམས་ཅད་རབ་སྒྲུབ་པ།། ཉེས་ཀུན།
162b5 གསོ་པའི་བདག་ཉིད་ཀྱིས།། ཚིག་འདི་ཉིད་ནི་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་རབ་ཏུ་གསལ་བར་མཛད་པ་ལ།། བཅོམ་ལྡན་འདྲ
162b6 མཆོད་ཅིང་ཕྱག་འཚལ་ཏེ། ། གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས། ཡང་དང་ཡང་དུ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་བཀའ་ཉན་པར་མཛད་དོ།། དེ་ནས་རྡོ་རྗེ་འཛིན་རྒྱལ་པོས།། དང་དུ་བྱ་བའི་འཁྲུལ།
162b7 འཁོར་གསུངས།། འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད།། མ་བྱུང་འཐུང་བར་མི་འགྱུར་རོ།། བུད་མེད་དབང་དུ་བྱ་བ་དང་།། བསྲུང་བའི་དོན་དང་དེ་བཞིན་དུ།། ཞི་བ་ལ་ནི་གཱི་ཝང་གཟུང་།། དེ་བཞིན་གྲོ་ག་འམ་སྨྲས
162b8 བྲན་ལ། ། འཁོར་ལ་གཉིས་ནི་མངོན་པར་བྲི།། མིང་ནི་ནཱ་མོ་ཐ་བརྟེན་པར་བྱ།། ནག་པོའི་རྩེ་སོགས་དང་བྲལ་བའི།། ཁམ་པོར་གཉིས་ནི་ཡང་དག་སྦྱང་།། དབུས་སུ་ཞུན་མར་སྣང་རྩི་དྲུག། སྲད་བྱ་དཀ་བོས་པ
iiif viewer powered by OpenSeadragon
162a - 163a