| | e-texts navigator
|
162a1 གན་ཏུ་འཇིགས། ། སྟོན་པ་སངས་རྒྱས་ཀུན་རང་བཞིན།། རྔ་རྗེང་ཡུལ་དྲུག་འཚལ་བསྟོད།། བྲམ་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེག་ཤེད་བཤིན་དུ་འཇིགས།། རྡོ་རྗེ་ཐུགས་དང་བ་མཚུངས་པའི།
162a2 ཆེན་རྡོ་རྗེ་ཕྱག་འཚལ་བསྟོད།། འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད།། འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ།། གསུང་མཆོག་ཀུན་གྱི་རབ་མཆོག་སྟེ།། གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད།། ཕྲག་དོག་རྡོ་རྗེའི
162a3 བཞིན་ཁྱོད། ། གཤིན་རྗེ་གཤེད་པོ་ལས་ཀུན་པ།། རྡོ་རྗེའི་སྐུ་དང་རབ་མཚུངས་པ།། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད།། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན།།
162a4 གྱི་རབ་མཆོག་གཙོ།། དཀྱིལ་འཁོར་དབང་ཕྱུག་ཕྱག་འཚལ་བསྟོད།། ཨཱཿཡིག་ལས་སྐྱེས་རྣམ་དག་པ།། མགོ་བོ་གསུམ་གྱི་སྟེང་དུ་གནས།། པད་མའི་སྣོད་ནི་གང་བ་ཡི།། དེ་འོག་མེ་ཡི་དཀྱིལ་འཁོར་ཏེ།། ར་ཡིག
162a5 ལས་བྱུང་བུ་གསུམ་མོ། ། དེ་འོག་རླུང་གི་དཀྱིལ་འཁོར་ཏེ།། ནག་ཅིང་གཡོ་བ་གཞུ་ཡི་དབྱིབས།། ཡཾ་ལས་བྱུང་བ་བ་དན་མཚན།། དེ་ལ་རྣམ་པར་སྣང་མཛད་སོགས།། དེ་ཡིག་ལ་སོགས་ལས་བྱུང་བ།། གླང་པོ་ལ་སོགས་ལྔ
162a6 རྣམས་སོ། ། ཧཱུཾ་སྐྱེས་རྡོ་རྗེའི་དག་པ་བྱ་འདིས།། གདབ་བྱ་མཁས་པས་བསྒོམ་པར་བྱ།། རླུང་གིས་བསྐྱོད་ཅིང་མེ་ཡིས་ཞུ།། དེ་ལ་རྣམ་པར་བསྒོམ་པར་བྱ།། རྡོ་རྗེས་མཚུངས་པར་ངོ་གཅིག་གྱུར།། ཤིན་དུ་དྲི་མེད་དག་པར་བ།
162a7 ཧཱུཾ་ཡིག་འོད་ཀྱིས་སངས་རྒྱས་རྣམས།། ཡེ་ཤེས་གཟུགས་ཀྱིས་དགུག་པར་བྱ།། རབ་ཞུགས་སྔགས་ཀྱི་གཟུགས་ཀྱིས་ནི།། མཆོག་གི་བདུད་རྩི་ལྔ་རྣམས་བལྟ།། དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ།། དཀྱིལ་འཁོར
162a8 བདག་པོ་རྣམས་ལ་མཆོད། ། སྤེལ་རྣམ་དག་རྡོ་རྗེ་ཉིད།། ཧཱུཾ་ཡིག་ལས་བྱུང་དེ་ལ་བས།། དེ་ཡི་འོད་ཟེར་སྲུབས་རྣམས་ལས།། མཚུངས་པར་དགུག་ཅིང་དེ་ཡིས་ནི།། ཁམས་གསུམ་བཞུགས་པའི་རྫོགས་སངས་ཀུན།
iiif viewer powered by OpenSeadragon
161b - 162b