| | e-texts navigator
|
161b1 ཁོང་བ་དང་ནི་མྱ་ངན་འདས།། གཤིན་རྗེ་འཇོམས་པ་ཞེས་བྱ་ལ།། རྣམ་ཏོག་ཐམས་ཅད་འཇོམས་པ་ཡི།། སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ།། མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན།། རང་གི་སྙིང་བའི་ས་བོན
161b2 གྱི། ། ལྕགས་ཀྱུས་ཀུན་བཀུག་ཁར་ཞུགས་ནས།། བདེ་བ་སྙིང་ཁར་ཞུགས་ཤིང་འུ།། དེ་ལས་སྤྲོ་བྱས་ས་བོན་རྣམས།། དེའུ་རྡོ་རྗེའི་ལམ་ནས་ནི།། རང་འོད་པད་མའི་ནང་མཐར་གནས།། དེ་བལྟས་ས་བོན་རང་གཟུགས་པ
161b3 དེ་ཡིས་བོན་ལས་སྐྱེས་པའི། ། འཁོར་ལོ་ས་བོན་ཀུན་བྱིན་བརླབ།། མེ་སྟག་འཕྲོ་བའི་ཚོགས་གསལ་བ།། ཆོ་ག་བཞིན་དུ་མཁས་པས་བསྒོམ།། བལྟ་ཞིང་སྙིང་ཁར་བཞུ་བྱས་ལ།། རྡོ་རྗེའི་ལམ་ནས་དབྱུང་བར་བྱ།། རང་རིག
161b4 པད་མའི་ཟེ་འབྲུལ། ། ལྷ་ཡི་ཚིགས་རྣམས་བལྟ་བྱས་ལ།། སྣ་ཚོགས་མེ་ཏོག་ལ་སོགས་དབུལ།། ལག་ན་ལོ་མ་འཛིན་རྣམས་ཀྱིས།། ལེགས་པར་མཆོད་པར་བྱ་བ་སྟེ།། མཆོད་པའི་གླུ་ནི་ཡིད་འོང་དང་།། སྣ་ཚོགས་གར
161b5 མི་ང་བ་ན་པ། དེ་བཞིན་པ་ད་བ་ཆེན་པོས་མཆོད།། ཨེ་མ་གཞིན་རྡེག་ས་དངམང་པོ།། ཐ་མགྲིན་པའི་དང་བཞིན་ཏེ།། བདག་ནི་ཁྱོད་མཐོང་འཇིགས་པ་སན།། ཐ་མ་ཡིན་པོའི་ང་བཞི་གྲང།། པཛངས་ན
161b6 མ་འོག་རྣམས། ། ཁྱོད་ཀྱི་གར་གྱིས་གཡོ་བར་བྱེད།། ཁྲག་གི་མིག་སྨན་ཁྲོ་བོའི་སེམས།། གང་མཛད་ཁྱོད་ནི་རོ་ལངས་གཟུགས།། དམར་ཞིང་ཐུང་བའི་ཚད་ལྡན་པ།། རྣམ་པ་མང་པོའི་སྤྲུལ་གཟུགས་བྱེད།། རྡོ་རྗེ་དབྱང
161b7 ཅན་མ་ཡིས་ཞུས། ། ཁྱོད་ཀྱི་གང་མཛད་བདེ་བ་ཆེ།། ཁྱོད་ཀྱི་ཧྲཱི་ཥྚྲཱིཿའི་སྔགས་ཀྱི་གང་།། ས་གསུམ་པོ་ཡི་འཁྲུལ་པ་སེལ།། བརྩེབས་ཁྲོ་བའི་རྗེ་བཙུན་ཁྱོད།། འགྲོལ་ཉ་ཞིང་གར་མཛད་།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བརྗེ
161b8 པྲ་བྷཱ་བ་ཨཱད་མ་ཀོ་ཧཾ། ། སྒྲ་ཡི་ཚོགས་པ་ཐམས་ཅད་ལ།། སྒྲ་བརྙན་དང་ནི་མཚུངས་པར་བལྟ།། འཁོར་ལོ་ཡི་ནི་འདྲེན་པ་ལ།། དེ་ཡིས་དེ་ལ་དེ་བཞིན་བསྟོད།། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད།། གཤིན་རྗེ་གཤང
iiif viewer powered by OpenSeadragon
161a - 162a