| | e-texts navigator
|
160b1 གྱུར་ལས་མཐའ་དག་རྟགས། ། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ།། རིམ་མཚུངས་པད་མ་ཉི་མ་ལ།། མ་ཧེ་དམར་པོའི་སྟེང་དུ་ནི།། སྤྲུལ་པས་བདུད་རྣམས་མ་ལུས་པ།། གཡོན་བརྐྱང་ཞབས་ཀྱིས་མནན་པར་བྱ།། ཉི་མ་བྱ
160b2 བའི་འོད་འབར་ལྷ། ། རོ་ལངས་མ་ཡིས་མགུལ་ནས་འཁྱུད།། དཔའ་བོ་ཞལ་གཅིག་ཕྱག་གཉིས་པ།། ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། སྤྱན་གསུམ་དམར་ཞིང་འཇིགས་སུ་རུང་།། མགོ་བོ་དམར་པོ་བརྒྱ་ཡི་ཕྲེང་།།
160b3 གཡས་ན་རྡོ་རྗེའི་དཀྲུག་པ་དང་།། གཡོན་ན་ཐོད་པ་བསྡམས་པའོ།། ཁྲོ་བོའི་མཚུངས་པར་ལྡན་པ་དང་།། ལྗགས་ནི་བསྐྱོད་ཅིང་མཆེ་བ་གཙིགས།། ཁྲོ་གཉེར་སྐུ་མཁྲེགས་རྐེད་པ་ལ།། སྟག་གི་ལྤགས་པས་རྣམ་པར་བརྒྱན།།
160b4 ཟུང་ཞིང་སྟེ་འཕྱང་རྔམ་ཞིང་འབར།། ཤིན་དུ་རྣམ་དག་དྲི་མ་བྲལ།། རོ་ལངས་མ་ཡི་གཡས་གྲི་གྲག། གསོནན་མོ་ཡི་ཐོད་པའོ།། སྤྱན་གསུམ་སྲནི་གྲོལ་བ་དང་།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། མག་པའི་ཕྲེང
160b5 མཚུངས་པར་ལྡན། ། རོ་བཅུད་འཛིན་པ་གཅ་མ་ཡེ།། ཤར་གྱི་མདབ་མ་ལ་གཏི་མུག་རྡོ་རྗེ་དཀར་བ།། རྡོ་རྗེ་ཙར་ཙཀྵ་དང་སྙོམས་པར་འཇུག་པའོ།། ལྷའི་མདཔམ་ལ་ཕྲ་མ་གཤིན་རྗེ་གཤེད་འདོག་སེར་པོ།། རྡོ་རྗེ་པག་པ
160b6 དང་སྙོམས་པར་ཞུགས་པའོ། ། ནུབ་ཀྱི་མདབ་མ་ལ་འདོད་ཆགས་གཤིན་རྗེ་གཤེད་ཁ་དོག་དོག་དམར་པོ།། རྡོ་རྗེ་དབྱངས་ཅན་མ་དང་སྙོམས་པར་ཞུགས་པའོ།། བྱང་གི་མདབ་མ་ལ་ཕྲག་དོག་གཤིན་རྗེ་གཤེད་ཁ་དོག་ལྗང་ཆུ
160b7 རྡོ་རྗེ་གཽ་རི་དང་སྙོམས་པར་ཞུགས་པའོ། ། ཙར་ཙི་ཀཱ་ནག་མོའོ།། ཕག་མོ་སེར་མོའོ།། དབྱངས་ཅན་མ་དཀར་མོའོ།། གཽ་རི་སྔོན་མོའོ།། གཡོན་པན་ཐོད་པ་དང་གཡས་པ་ན་གྲི་གུག་གོ། ཕྱག་དང་ཞལ་དང་སྐུ་མདོག་ཡང་དག་པར
160b8 གནས་པ་ནི་དཔའ་བོ་ཇི་ལྟ་བ་བཞིན་ནོ། ། མེའི་འཚམས་ན་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བའོ།། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩེ་ཡིས་གང་བའོ།། རླུང་དུ་བྱི་རུའི་བུམ་པ་སིཧླས་གང་བའོ།། དབང་ལྡན་དུ་དངུལ
iiif viewer powered by OpenSeadragon
160a - 161a