e-texts navigator
Collection
Volume
Page
Wylie

159b1 རོལ་གྲོང་དུ་འཇུག་རྣམས་ལ།། འོད་ཟེར་རྣམ་ལྔ་འཁྲིགས་པ་ཡི།། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ།། རྡོ་རྗེས་བཞིའི་ཆ་རྣམས་ལ།། རབཀུར་རྣམས་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད
159b2 ཀྱི་ཡག། བདུད་ཐམས་ཅད་རྣམ་པར་འཇོམས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱིས་བོན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ལས་ངས་པར་སྤྲོ
159b3 བར་མཛད་དོ། ། ཡ་ནི་དབུས་སུ་ཀྵེ་མ་མེད། ཡ་ཙཱ་ནི་རཱ། ཛཱ་ས་དོ་རུ། ཎ་ཡོ་ནི་རེ། ཡ་སོགས་དང་པོ་གཤིན་རྗེ་གཤེད།། ཀྵེ་ཡིག་ལས་ནི་རྨོངས་པར་བརྗོད།། མ་ཡིག་ལས་ནི་ཕྲ་མར་བཤད།། དེ་བཞིན་མེ་ཡིག་འདོད་ཆག་སོ།།
159b4 ངད་ཡིག་ལས་ནི་ཕྲག་དོག་སྟེ།། གཤིན་རྗེ་གཤེད་རྣམས་ལྔ་རུ་གྲགས།། ཛཱ་ཡིག་ཙར་ཙི་ཀཱར་བཤད་དོ།། ས་ཡིག་ལས་ནི་ཕག་མོའོ།། དེ་ཡིག་དབྱངས་ཅན་མར་བཤད་དོ།། རུ་ཡིག་གཽ་རི་མར་འདོད་དོ།། ཎ་ཡོ་ནིར
159b5 མཚམས་བཞི་ལ། ། མི་ཡི་ཐོད་པ་རྣམ་པ་བཞི།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་གཤིན་ཏེ་གཤེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེ་སྡང་ཆེན་པོའི
159b6 རིག་པ་བསྒོམ་པའི་རྣལ་འབྱོར་གསུངས་པ། ། སྤྲིན་དང་ཚུལ་ཁྲིམས་བཟོད་པར་ལྡན།། རོ་གཅིག་མཁས་པས་སེམས་ཅན་དོན།། བྱམས་སོགས་ཡོན་ཏན་ཕུན་སུམ་ཚོགས།། ཐོས་པ་ཡིས་ནི་རྣམ་བརྒྱན་པས།།
159b7 དང་པོར་ཁ་སོགས་ཡོངས་སུ་བསད།། སྔ་བར་སྙིང་རྗེའི་བདག་ཉིད་ཅན།། རབ་ཏུ་རྩོམ་པ་དབེན་པའི་ཕྱོགས།། དུར་ཁྲོད་སོགས་སུ་བདེ་བའི་གདན།། དབེན་ཞུགས་ཉིད་ཀྱི་ཐུགས་ཁར་ནི།། པད་ཉི་བལྟ་ཞིང་འོད་རབ་འབར།།
159b8 དེ་ཡི་འོད་ཀྱིས་བཀུག་བྱས་ནས།། སེམས་ཅན་དོན་རྣམས་ཕུན་སུམ་ཚོགས།། བསྒོམ་བྱ་བླ་མ་སངས་རྒྱས་རྣམས།། ཇི་སྙེད་མ་ལུས་ནམ་མཁའི་མཐིལ།། དམིགས་ཏེ་ཕྱག་འཚལ་དེ་རྣམས་ཀྱི།། སྐུ་ཡི་བཀོད་པ་རྣམ




iiif viewer powered by OpenSeadragon

159a - 160a

Texts on this page

Q109 - dpal gshin rje'i gshed dmar po zhes bya ba'i rgyud kyi rgyal po