e-texts navigator
Collection
Volume
Page
Wylie

154b1 འགྱུར། ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས།། སྦྱིན་བསྲེག་ཀྱི་རིམ་པར་ཕྱེ་བའི་ལེའུ་སྟེ་བཞི་པའོ།། །། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོའི་ལས་ཀྱི་དངོས
154b2 ཕྱགཔས་ཀྱ་རྫོགས་སྷོ། ། རྒམ་མེན་པས་པ་ཉི་ས་ས་དང་། ཀྱེལ་གྱུཔ་པ་བ་བ་དྷས་བྱེད་པ་བྱུགགས་པས་ར་ཀྱི་ནུས་པ་འོ།། རྒྱག་ག་དུ་ཤཱ~ཾ་ཤྲཱི། ཡ་ཤཱ་ང་དྲུ་ག་ནྡཔ། དུ་ད་ག་པ་ཆུམ་པ་ག་གས།
154b3 བཞེས་ཀྱག། བཅོམ་ལྡན་དས་དཔཔགཤིན་རྗེ་གཤེད་པ་ལ་ཕྱག་འཚལ་ལོ།། དོན་དམ་ཆོས་སྐུ་ཞི་བ་ཉིད།། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ།། གཤན་རྗེ་དགྲ་ཞེས་གྲགས་པ་ཡི།། འཁོར་ལོ་སྐོར་བའི་ཆོ་ག་བཤད།
154b4 ཡོན་ཏན་ལྡན་པའི་སྔགས་པ་ནི།། ཆོ་ག་བཞིན་དུ་བསྙེན་པ་ཡིས།། དུར་ཁྲོད་དབེན་པ་ལ་སོགས་པར།། མན་ཌ་ལ་ཁྲུ་དོའི་ཆད་དུ་བྱ།། དྲི་དང་བ་ཡི་རྣམ་ལྔ་དང་།། ཉི་ཟླ་སོགས་པས་བྱི་དོར་བྱ།། བ་གླང་ལ་སོགས་དམ་རྫས
154b5 ལྔ། ། གཞན་ཡང་ཚོགས་ཀྱི་འཁོར་ལོ་དང་།། ཕྱི་ནང་མཆོད་པའི་བྱེ་བྲག་གིས།། ལེགས་པར་མཆོད་པ་བྱས་ནས་ནི།། འཁོར་ལོ་བྲི་དང་བཏུ་བ་དང་།། དྲང་དང་བསྲེ་དང་སྤོ་བ་བརྩམ།། སྔགས་པ་རྣལ་འབྱོར་ལྡན་པ་ཡི།།
154b6 ལྷོ་ཡི་ཕྱོགས་སུ་ཁ་ལྟས་སྟེ།། དམ་ཚིག་རྗེས་སུ་དྲན་པ་ཡིས།། ཨོཾ་བཛྲ་ས་མ་ཡ་སྟྭཾ།། གསང་སྔགས་འདི་ནི་དྲན་བྱེད་ཅིང་།། འཁོར་ལོ་བྲི་བ་བརྩམ་པར་བྱ།། དབུས་ནས་སོར་ཆད་བཅུ་དྲུག་པར།། ཀུན་ནས་ཟླུམ་པོར
154b7 སྐོར་བ་ནི། ། འདི་ནི་ནང་གི་འཁོར་ལོ་སྟེ།། རིས་པ་གསུམ་དུ་སྐོར་བ་ལ།། སྒོ་མེད་ལེགས་མཁར་བཅུ་དྲུག་བྱ།། འདི་ནི་གཤིན་རྗེའི་གྲོང་ཁྱེར་སྟེ།། སྲིད་པ་གསུམ་གྱི་འཇུགས་ཡིན།། དེ་ཡི་བྱི་རིམ་མུ་ཁྲུད་གསུམ།
154b8 ཀུན་ཏུ་ལྤགས་ངེས་བསྐོར་བ་སྟེ།། མུ་ཁྲུད་དེ་དག་རེ་རེ་ལའང་།། འད་བ་སུམ་བཅུ་རྩ་གཉིས་མཛེས།། འགྲོ་བའི་ཆོས་བཞིན་གཅོད་པ་ལ།། འཁོར་ལོ་འདི་ལྟར་བྲིས་ནས་དེ།། བྱི་རིམ་མུ་ཁྲུང་ཐམ་ལ།། ཡི་གེ་གསོས




iiif viewer powered by OpenSeadragon

154a - 155a

Texts on this page

Q106 - dpal rdo rje 'jigs byed kyi rtog pa'i rgyud kyi rgyal po
Q107 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba