| | e-texts navigator
|
154a1 དངོས་པོ་གང་དང་གང་སྤྱོད་ཡུལ།། དེ་དང་དེའི་རང་བཞིན་འགྲོ།། མཉམ་བཞག་ཉམས་པར་མི་བྱ་ལ།། དུས་རྣམས་རྟག་ཏུ་རྣལ་འབྱོར་པས།། ཤིན་ཏུ་མཉམ་པར་བཞག་པར་བྱ།། དེས་ནི་ཐར་པ་ཉིད་ཀྱི།
154a2 རྒྱུ།། རྒྱུད་ཀྱི་རྒྱལ་པོ་འདི་ལས་ནི།། འདོད་པའི་དངོས་གྲུབ་མྱུར་བྱུང་དེ།། དཀའ་བ་མེད་པའི་ཐབས་འདི་ནི།། དཀའ་སྤྱོད་བརྟུལ་ཞུགས་རྣམས་སྤངས་ཏེ།། ཤིན་ཏུ་བདེ་བར་སྒྲུབ་པའི་ཐབས།། སྡུག་བསྔལ་འཇིགས
154a3 མེད་བདུད་རྩིའི་རོ། ། བློ་ལྡན་ལེགས་པར་བླང་བྱ་སྟེ།། ཤིན་ཏུ་འབད་པས་སྒྲུབ་པར་བྱ།། མི་ཤེས་བློ་གྲོས་རྨོངས་པ་འགའ།། རྟོག་པའི་དྲ་བས་བསྒྲིབས་པའི་ཚེ།། བསོད་ནམས་དང་ནི་སྡིག་པ་ཡི།། ཕུང་པོ་རྣམ་པ
154a4 གཉིས་སུ་རྟགས། ། འོན་ཀྱང་འདོད་པ་ཐམས་ཅད་ནི།། རྒྱུད་མཆོག་འདི་ལས་འབྱུང་འགྱུར་ཕྱིར།། དམན་ཞིང་བརྩོན་པ་ཆུང་བ་འགའ།། འདི་ལ་ཞུགས་ན་མྱུར་དུ་འགྲུབ།། དེ་བས་ངོ་མཚར་རྒྱུད་འདི་ནི།། རྙེད་དཀའ
154a5 ཁྱད་པར་མཆོག་གྱུར་པ། ། ཡི་གེ་དབྱིབས་ཀྱང་མི་བསྟན་ན།། བཤད་ཅིང་འཁྲོལ་བ་སྨོས་ཅི་དགོས།། དབང་རྣམས་ངེས་པར་མ་བླངས་ཤིང་།། བླ་མ་མཉེས་པར་མ་བྱས་ཚེ།། བསྟན་ཀྱང་ཐོས་པར་མི་འགྱུར་ཏེ།།
154a6 ཚ་བ་ལ་སོགས་འཁོར་བར་འཁོར།། དེ་སྐད་སྟོན་པས་བཤད་པའི་ཚེ།། སྡེ་རྣམས་མྱོས་ཤིང་རྒྱལ་རྨོངས་ཏེ།། ཀུན་ཀྱང་འདུད་ཅིང་མགོ་བོ་སྨད།། འཇིག་རྟེན་འདི་ནི་གཤིན་ཏུ་གཡོས།། གང་ཞིག་རྒྱུད་འདི་ཉན་པ་དང་།།
154a7 ཤེས་ནས་འཆང་བར་བྱེད་པ་དང་།། དུས་རྣམས་ཀུན་དུ་འདོན་བྱེད་ན།། ཚེ་འདིར་འཇིགས་པ་ཀུན་གསལ་ཏེ།། ཤི་ནས་མཐོ་རིས་མྱུར་དུ་འཐོབ།། གལ་ཏེ་གཞན་དུ་རྒྱུད་མཆོག་འདི།། བསྟན་ནམ་བཤད་དམ་གསལ
154a8 ཆེན། ། དེ་ནི་སྡུག་བསྔལ་མང་མྱོང་ནས།། ཤི་ནས་མྱུར་དུ་དམྱལ་བར་འགྲོ།། རང་གིས་ཤིན་ཏུ་བཅད་བྱས་ཤིང་།། དངོས་གྲུབ་ཉིད་བཞིན་མངོན་བྱས་ན།། སྡུག་བསྔལ་མཐའ་དག་དེས་ཟད་ནས།། མྱུར་དུ་བླ་མེད་ཐོབ་པར
iiif viewer powered by OpenSeadragon
153b - 154b