| | e-texts navigator
|
153b1 པའི་ཟས་མཆོག་རྣམས། ། དུས་རྣམས་རྟག་ཏུ་དབུལ་བར་བྱ།། གསང་སྔགས་རྒྱལ་པོ་ཡི་གེ་བཅུ།། བདག་གིས་རྒྱུན་དུ་གདོན་བྱ་ཞིང་།། བསམ་གཏན་རྟག་ཏུ་བརྩོན་པར་བྱ།། དེ་ལྟར་ཤེས་ཤིང་སྒྲུབ་བྱེད
153b2 པའི། ། སྐྱེས་བུ་བློ་ལྡན་དེ་ཡིས་ནི།། སངས་རྒྱས་ཉིད་ཀྱང་མྱུར་འགྲུབ་འགྱུར།། ཞི་སོགས་ལས་རྣམས་སྤོས་ཅི་དགོས།། གྲོང་ཁྱེར་དཀྲུག་ན་སྔགས་པ་དེས།། ཁྱི་ཤ་སྦལ་ཤ་རུ་སྦལ་ཤ། རྔ་མོད་བྱི་ལའི་ཤ
153b3 རྣམས་ལ། ། སྟོང་རྩ་བརྒྱད་དུ་བསྲེག་པར་བྱ།། རྟ་ཤ་དྲི་ཆེན་རབ་སྦྱར་བས།། རི་ལུ་བྱས་ཏེ་བདག་མདུན་དུ།། གསང་སྔགས་རྒྱལ་པོ་བཟླས་བརྗོད་བྱས་ནས།། བརྒྱ་རྩ་བརྒྱད་དུ་བསྲེགས་པས་ནི།། རྒྱལ་པོ་དབང
153b4 དུ་བྱེད་པར་འགྱུར། ། བུད་མེད་དབང་དུ་བྱེད་འདོད་ན།། ཉ་ཤ་ཆང་དང་ཤ་ཆེན་རྣམས།། རྡོ་རྗེ་ཆུ་ཡིས་སྐྲག་བྱས་ཏེ།། བརྒྱ་རྩ་བརྒྱད་དུ་བསྲེགས་པར་བྱ།། ཐ་མལ་དབང་དུ་བྱེད་འདོད་ན།། ཤ་ཆེན་གླང་པོ་ཤ་དང་བཅས
153b5 བྱང་ཆུབ་སེམས་དང་བསྲེས་བྱས་ཏེ། ། སྟོང་ཕྲག་བརྒྱད་དུ་བསྲེག་པར་བྱ།། དགུག་པ་དུས་རྣམས་ཐམས་ཅད་དྲ།། ཁྱི་ཤ་ཉ་ཤ་བདུད་རྩི་ལྔ།། ཆ་སྒྱུམས་རིལ་བྱས་ནས་ནི།། བརྒྱ་རྩ་བརྒྱད་དུ་བསྲེགས་ན་འགུགས།།
153b6 སྤྲིན་བསྲེག་ལས་རྣམས་ཐམས་ཅད་ཀྱང་།། མ་ཧེ་ཞལ་གྱི་སྦྱོར་བས་ནི།། གསང་སྔགས་རྒྱལ་པོས་འདོད་པ་སྦྱར།། མ་ཡེངས་རྩེ་གཅིག་སེམས་ཀྱིས་བྱ།། གསུངས་དང་མ་གསུངས་མཐའ་དག་དང་།། ཇི་ལྟར་བ་ཡི
153b7 རིམ་པ་ཡིས། ། རྒྱུད་ཀྱི་རྒྱལ་པོ་ཉིད་ཉེར་གནས།། སངས་རྒྱས་འབྲས་བུ་མྱུར་དུ་འཐོབ།། ཞི་ལ་ཞི་བའི་ཡིད་ཀྱིས་ཏེ།། རྒྱལ་པོ་ལྟ་བུར་རྒྱས་པ་ལ།། སྡང་བྲལ་ཆགས་པས་དབང་ལའོ།། དྲག་པོའི་ལས་ལ་ཁྲོ་ཞིང་རྩུག
153b8 རབ་བྱམ་པའི་ཡིད་བྱས་ན། ། གསོད་པའི་སེམས་དང་ལྡན་པར་བྱ།། གང་ཤིག་ལུས་པ་མདཔའ་མི།། གྲུབ་པ་བྱུང་དུ་ཚལ་བྱེདང།། སེམས་ཀྱི་ང་བཞིན་རྣམས་དག་པས།། རྡོ་རྗེ་འཛིན་པ་དང་ཀླུ་འཐུར།
iiif viewer powered by OpenSeadragon
153a - 154a