e-texts navigator
Collection
Volume
Page
Wylie

153a1 དཀར་པོ་འབྲས་དཀར་དང་། ། ཏིལ་དཀར་འབྲས་ཆེན་ཡུངས་དཀར་དང་།། ཨུཏྤལ་དཀར་ག་བུར་དག། ཤར་དུ་བལྟས་ཏེ་བརྒྱ་རྩ་བརྒྱད།། བསྲེགས་ནས་དུས་རྣམས་ཀུན་ཏུ་སྲུང་།། གང་ཞིག་བྱ་བའི་རིམས
153a2 སོགས་དང་། ། སྔགས་རྣམས་བསམ་གཏན་ངེས་ལྡན་པས།། སྙིང་རྗེ་ཡིད་ནི་མ་བྲལ་ན།། འདོད་པ་ཐམས་ཅད་འདིར་བསྒྲུབ་བྱ།། གཞན་དུ་རྨོངས་པའི་བྱིས་པ་འགའ།། བློ་གྲོས་མེད་གང་ཤེས་རབ་འཚལ།། སྔགས
153a3 དང་དམ་ཚིག་སྨན་གྱུར་ཞིང་། ། ཏིང་ངེ་འཛིན་ལ་མངོན་གཡེལ་བ།། བརྩོན་པ་ཆུང་ཞིང་ལྷོད་པ་འགས།། བསྐལ་པ་སྟོང་དུ་བསྒྲུབས་བྱས་ཀྱང་།། འབྲས་བུ་ཡོད་པ་མ་ཡིན་ཏེ།། ཤ་ཐང་ཆད་པ་ཉིད་དུ་འགྱུར།། དཔེར་ན
153a4 བློ་ཞན་བྱིས་པ་རྣམས། ། འགའ་ཞིག་འབྲས་འདོད་འཁྲུལ་གྱུར་ནས།། ཕུབ་མ་རྡུང་བར་བྱེད་པ་ལ།། འབྲས་ཡོད་ནམ་ཡང་མི་འགྱུར་ཞིང་།། ཇི་ལྟར་སྤྲིན་དང་ནུ་ཟླ་དང་།། དབང་པོ་གཞུ་རྣམས་རྟག་མིན་ཏེ།། ཐར་པ
153a5 འདོད་པའི་བྱ་བའང་དེ། ། སྒྱུ་མ་ཉིད་ལ་སྒྱུ་མ་རོལ།། ཡེ་ཤེས་གཅིག་པ་རྣམ་གྲོལ་རྒྱུ།། སྟོང་པ་དཔག་པར་བློས་ཅི་ནུས།། དེ་ལ་དཔྱད་ཅིང་གཞལ་བཟོད་ན།། བརྟགས་པའི་སྙིང་པོ་དེ་ལ་མེད།། དེ་ལ་དངོས་རྣམས
153a6 མ་གྲུབ་ན། ། བསྒྲུབ་པའི་རིམས་གཞན་སྨོས་ཅི་དགོས།། བྱ་བ་དང་ནི་བྱེད་པ་དག། ངེས་པར་དེ་ལ་རྟགས་མི་བཟོད།། དམ་གྲོག་གཡངས་སར་ལྷུང་ཡང་བླའི།། ཆད་པར་རྟོག་པར་འདི་མི་བཟོད།། རྟག་པ་ཉིད
153a7 ཀྱང་རིགས་མིན་ཏེ། ། དངོས་པོ་ཡོད་པར་གལ་ཏེ་འགྱུར།། དཔེར་ན་བྱས་པ་རྣམས་ལ་མས།། ས་འདིར་སྡོད་དང་མ་ཉིད་ཀྱིས།། འབྲས་བུ་ཤིང་ཏོག་མང་བླངས་ལ།། ཁྱོད་ལ་བདེ་བས་སྦྱིན་ཞེས་བརྗོད།།
153a8 དེ་བཞིན་རྣམ་པ་དུ་མ་ཡང་།། འཇིག་རྟེན་རྟོག་པ་ཐ་དད་པས།། དེ་དག་གྲང་བར་བྱ་ཕྱིར་བཤད།། བཅོམ་ལྡན་ལྷ་ཡི་ལྷ་མདུན་དུ།། ཤ་ཆེན་པོ་ཡི་ཞལ་ཟས་དང་།། ཆང་དང་ཏིལ་མར་མ་ཏེ་ཁྲག། རབ་ཏུ་ཞིམ




iiif viewer powered by OpenSeadragon

152b - 153b

Texts on this page

Q106 - dpal rdo rje 'jigs byed kyi rtog pa'i rgyud kyi rgyal po