| | e-texts navigator
|
152b1 མཚལ་དང་བབལ་ལྡོང་རོས་དང་།། ཤན་པའི་གོ་ཐབ་དུར་ཁྲོདས།། མི་དང་མ་ཧེ་ཁྲག་གིས་བརྫི།། ཁྲུ་དོ་བ་ལ་ཁྲུ་ཕྱེད་ཅིག། གྲུ་བཞིའི་སྟེང་དུ་ཟླུམ་པོ་ནི།། རྡོ་རྗེ་རྒྱུ་གྲམ་ལྡན་བྱས་ལ།། དེ་སྟེང་འཁོར་ལོ་རྩིབས་དྲུག
152b2 ལ། ། མཚན་མདྲུག་ནི་དགོད་པར་བྱ།། ལྟེ་བར་མ་ཡི་དཀྱིལ་འཁོར་ནི།། མཐོ་གང་ཚད་དུ་བྱས་པ་ལ།། མ་ཧེའི་ཁྲག་གིས་ལེགས་པར་བྱུག། བདག་ཉིད་ལྷོ་ཡི་ཕྱོགས་བལྟས་ཏེ།། མ་ཧེ་ཞལ་གྱི་སྦྱོར་བ་ཡིས།།
152b3 ཐབ་ཀྱི་ནང་གི་ཕྱོག་མཚམས་སུ།། མ་ཡི་ས་བོན་མངོན་བསྟས་ལ།། བསྐལ་པའི་མེཆེན་ལྟ་བུར་བསྒོམ།། དེར་ནི་མེ་ལྷའང་བསྒོམ་བྱ་སྟེ།། ཞལ་གསུམ་ཕྱག་བཞི་གནག་ལ་ནུབ།། གཡས་པའི་ཕྱག་གིས་འགྲོ
152b4 རྣམས་ལ། ། བསྒྲིབས་སྦྱིན་མཛད་ཅིང་བགྲང་ཕྲེང་འཛིན།། གཡོན་པས་རིལ་བ་མཆོག་སྩོལ་བརྩོན།། ཞལ་ནས་མེ་རྣམས་རབ་འཕྲོ་ཞིང་།། འོད་རྣམས་སྣ་ཚོགས་ཀྱིས་བརྒྱན་པ།། དེ་ལྟར་ཤེས་ནས་རབ་བསྲེགས
152b5 ན། ། འདོད་པའི་དོན་རྣམས་རབ་ཏུ་འབྱུང་།། དགྲ་བོའི་གཟུགས་དང་ཤ་ཆེན་དང་།། ཆང་དང་མ་ཧེའི་ཁྲག་བྱས་པ།། སྟོང་ཕྲག་གསུམ་དུ་སྲེག་བྱས་ན།། བསྒྲུབ་བྱ་ཁྲག་དུ་སྐྱུགས་ནས་འཆི།། གླང་པོ་རྟ་བོང་ཁྱི་ཤ་ལ།། སྟོ
152b6 ཕྲག་གསུམ་གིས་དབང་དུ་བྱེད། ། བྱ་རོག་འུག་པ་ཁྱི་ཤ་ཆུ།། བསྲེགས་ནས་མི་ལྟ་འབྱེར་བར་དེས།། ཏིལ་དང་ནས་དང་གྲོ་ས་ལ།། ཡུང་བ་འགི་ཝངས་ཕག་རྣམས།། སྟོང་ཕྲག་དྲུག་ཏུ་གང་བསྲེགས་པ།། ལོངས་སྤྱོད
152b7 ཐམས་ཅད་རྙེད་པར་འགྱུར། ། རྟ་དང་རྔ་མོད་བྱ་རོག་ཤ།། མི་ཤ་རྡོ་རྗེ་ཆུར་བཅས་པ།། གསང་སྔགས་རྣལ་འབྱོར་ལྡན་བྱས་ཏེ།། བརྒྱ་རྩ་བརྒྱད་ཀྱིས་ངེས་པར་སྐྲོད།། ར་ཤ་འདུན་འོད་ཨུཏྤལ།། ཆང་དང་མ་ཧ་ཆུར
152b8 བཅས་པ། ། གང་འདོད་བརྒྱ་རྩ་བརྒྱད་ཀྱིས་ལྐུགས།། དུག་དང་ཁྲག་དང་སྒོག་པ་དང་།། ཤ་ཆེན་ཏིལ་མར་རབ་སྤགས་ཏེ།། བརྒྱ་རྩ་བརྒྱད་དུ་བསྲེགས་བྱས་ན།། ཕ་རོལ་གཞན་གྱི་རིག་སྔགས་གཅོད།། ཙན་དན
iiif viewer powered by OpenSeadragon
152a - 153a