e-texts navigator
Collection
Volume
Page
Wylie

152a1 དུ་བའི་མདོག་མཚུངས་གྱེན་སྒྲ་ཅན།། རབ་ཏུ་བརྗིད་ཅིང་ཁྲོ་བོའི་ནལ།། དྲུག་དང་ལྡན་པའི་སྐུ་ལུས་ཆེ།། ཟད་པ་སྐམ་བརློན་སྣུམ་སྤྲུལ།། རུས་པ་རྡོ་རྗེ་ཕྲང་བས་རྒྱན།། གླང་ཅན་སྟག་ལྤགས་གོན
152a2 ནས་ནི། ། པད་མ་ཉི་མ་མཧེལ།། གཤིན་རྫ་མནན་ནས་ཞབས་དྲུག་གིས།། གཡས་བརྒྱང་གཡོན་བསྐུམ་གར་གྱིས་འགྱིད།། ཕྱག་དྲུག་གཡས་ཀྱི་དང་པོན།། རྩེ་གཅིག་གཉིས་བཐོབ་ས།། གསུམ་པ་གཏན
152a3 མཁའ་ལ་འཕྱར། ། དགྲ་སྟ་ལྕགས་ཀྱུ་ཞགས་པ་ནི།། གཡོན་པའི་ཕྱག་གིས་འཛིན་པ་བྲི།། ནམ་མཁའི་མདོག་ཅན་ཐལ་བས་བྱུགས།། སྐུལ་ཁྲོ་བོ་དུམ་འཕྲོ།། སྣ་ཚོགས་མཆོད་པའི་ལྷ་མོས་བསྐོར།། ལེགས
152a4 བར་དེ་ལྟར་བྲིས་པ་ཡིས། ། རྒྱབ་དང་ཕྱོགས་རྣམས་ཐམས་ཅད་དུ།། དུར་ཁྲོད་ཆེན་པོས་བསྐར་བར་བྲི།། མག་སྡུམ་སྣ་མ་མཁའ་ལ་ཁྱེར།། རྐང་སྣུམ་ལག་སུམ་རོ་ལངས་དང་།། ཝ་དང་སྤྱང་གི་ཏུམ་པོ་དང་།། མཁ
152a5 འགྲོ་པོ་མོ་ཤ་ཟའི་ཚོགས། ། བྱ་དང་གཅན་ཟན་སྣ་ཚོགས་བྲི།། སྤྱི་བུང་རབ་དུ་འཇིགས་བྲིས་ནས།། དེར་ནི་བསྒྲུབ་པ་པོ་ཡང་བྲི།། གྲི་ཐོད་བཟུང་ནས་ཤ་ཆེན་མུར།། གོས་ནག་གོན་ནས་ཁྲག་ཆེན་འཐུང་།། རྟ་དང་མ་ཧེ
152a6 དུས་པ་ཡི། ། ཕྲེང་བ་བཟུང་ནས་གསང་སྔགས་འདོན།། བཅོམ་ལྡན་འདས་ལ་ལྟ་བ་བྲི།། དེ་ལྟར་བྲིས་ནས་ཆང་དང་ཁྲག། ཤ་ཆེན་གོ་རོ་ཙ་ནས་མཆོད།། མཉམ་བཞག་ལྷ་ཡི་དགེ་འདུན་དེས།། དུས་གསུམ་རྒྱུན
152a7 ཏུ་མཆོད་བྱེད་ན། ། རྡོ་རྗེ་འཛིན་པ་མྱུར་དུ་འཐོབ།། སྐུ་ནི་རབ་ཏུ་སྦ་ཞིང་གསང།། ཕན་ཡོན་དམ་པ་འདི་ལས་འབྱུང་།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། བྲི་སྐུའི་ལེའུ་སྟེ་གསུམ་པའོ།། །།
152a8 དེ་ནས་ཡང་དག་བཤད་བྱ་བ།། རྟོག་པ་མ་ལུས་ཟད་བྱེད་ཅིང་།། ལས་རྣམས་ཐམས་ཅད་སྒྲུབ་འདོད་པས།། བློ་ལྡན་སེར་སྣ་རྣམ་སྤངས་ཏེ།། རྡུལ་པོད་གཡེང་བ་རྣམ་སྤངས་ནས།། སྦྱིན་སྲེག་ལས་ལ་རབ་བརྩོན་བྱ།




iiif viewer powered by OpenSeadragon

151b - 152b

Texts on this page

Q106 - dpal rdo rje 'jigs byed kyi rtog pa'i rgyud kyi rgyal po