| | e-texts navigator
|
151b1 མད་། ། འདས་ད་ན་ནས་ཤཱ་ཛུས།། ཛིན་པ་ནན་པ།། གཏནམས་པ་མ་པ། ར་ཨུ0f7f། ཡ་ས་དན་།
151b2 གསང་སྔགས་པགས་པར་ཨུ0f7f།། ཚིག་མ་འཛིན་པའི་རྣལ་འར་ཏེ།། བཞྭ་རྒྱའི་ཕྱོགས་མམས་པ་། ས་ར་པསྐུར་བ་དང་འགྱུ་ག། ཡ་།། དནས་རྒྱཿ།། བཏ་སྦྱིར་བ་སོས།
151b3 དགས་སར་ཤེས།། ཁྱད་པར་དུ་ཡང་གསང་བ་ལ།། དམར་པོ་མཧེའི་ཞལ་ཅན་ནི།། རྩེ་གསུམ་ལུགས་སུ་འཛིན་པ་ཏེ།། མ་ཧེ་ཤི་སྟེང་བསམ་བྱས་ན།། ཁྲག་འདྲེན་པ་ལ་མཆོག་ཏུ་གསུངས།། ངོས་འགའ་བྲལ་ཁྲི་བོན།།
151b4 ལྕགས་ཀྱུ་འཛིན་པ་གྲངས་མེད་སྤྲོ།། ཟླ་བ་སྤྱང་གིས་ཟིན་དུས་སུ།། བྱི་ལའི་སྡེར་མོར་སྙིང་དང་།། བྱ་ཡི་ཁྲག་དང་མི་རུས་བསྲེས།། གང་ལ་ཕོག་པ་སྤྲོ་བར་འགྱུར།། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱིས
151b5 རྒྱལ་པོ་ལས། སྦྱོར་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྒྲུབ་པར་བྱེད་པའི་རྣལ་འབྱོར་པས།། དུར་ཁྲོད་རས་སམ་དཔའ་བོའི་གོས།། ཡང་ན་མཚོན་ཡ་ཁབ་མ་ལ།། རྣམ་སྣང
151b6 མཛད་དང་རྡོ་རྗེ་ཆུས། ། དཔའ་བོའི་ཁྲག་དང་ཆང་དང་དྲུག། གོ་རོ་ཙ་ནས་རས་ཆོས་བྱ།། ལེགས་པར་དམ་པོར་དྲུང་བྱས་ཏེ།། ལུས་ངག་ཡིད་ཀྱི་གནས་སུ་ནི།། བདུད་རྩི་ལྔ་དང་ལྡན་པའི་ཆུས།། ཡི་གེ་ཨཾ་དང་ཨཱ
151b7 ཧཱ་བྲྀ། ། སྐྲ་ཕྱེ་དུར་ཁྲོད་སོལ་བ་དང་།། ཁྲག་ཆེན་ལྡོང་རོས་བབ་ལ་ཡིས།། དབང་ཐོབ་དམ་ཚིགསྲུང་བྱེད་ཅིང་།། ཤིན་ཏུ་གསང་ལ་དམ་པ་ཡི།། རི་མོ་མཁན་ནི་བརྩོན་ལྡན་དེས།། རྒྱུད་ཀྱི་དོན་ལ་མཁས་བྱས་ནས།།
151b8 ནག་པོ་ཆོས་ཀྱི་མཚན་ཕྱེད་དུས།། གསང་བའི་གནས་སུ་ཞུགས་ནས་ནི།། བཅོམ་ལྡན་རྡོ་རྗེ་འཇིགས་མཛད་བྲི།། རྩ་བ་མ་ཧེ་ཁྲོས་པའི་ཞལ།། དེ་སྟེར་འཇམ་དཔལ་འཛུམ་པའི་ཞལ།། ལྷག་མ་དམར་དང་སེར་དང་སྔོ།།
iiif viewer powered by OpenSeadragon
151a - 152a