| | e-texts navigator
|
150b1 ནས། ། ཡིག་དེ་ལྡན་ཐོད་པ་རུ།། བཅུ་གནས་གསང་སྔགས་མང་བཟླས་ཏེ།། དྲར་ཁྲོད་མེ་ཐབ་འོག་བཞག་ན།། ཁྲག་སྐྱུག་པ་ལ་ཐེ་ཚོམ་མེད།། བསྲོ་སོན་ཆ་བའི་ནད་ཀྱིས་འཆི།། སྦལ་ཁྲག་པ་བང་གྲང་བ་ཡིས།། འཁོར་ལོ་དེ་ཉིད
150b2 ལེགས་བྲིས་ནས། ། ལིང་གའི་མཚན་ཁུང་གཡོན་བཅུག་ལ།། གཡས་གཡོན་གླང་ཁྲག་སྦལ་ཁྲག་བྱུག། ལིང་གི་ཕྱོགས་སུ་རང་ཉིད་ཀྱི།། རྐང་པ་གཡོན་པའི་ཐེ་བོས་གནན།། དེ་ཚེ་བཟླས་པ་མང་བྱས་ནས།། རྒྱ་གྲམ
150b3 ལམ་དུ་གནན་ལ་བཞག། དེ་ལས་ཟློག་པ་བྲིས་ནས་ནི།། ཤིང་གཅིག་ཁོང་པར་སྦས་ན་རེངས།། རྔ་མོང་བྱ་རོག་རྒན་པོའི་ཁྲག། འཁོར་ལོ་བྲིས་ནས་ལིང་ཁ་ཡི།། རྐང་གཉིས་པར་བཅུག་རང་བདུན་དུ།། ཁྲག་གིས་རྔ་མོང
150b4 གཟུགས་བྲིས་ཏེ། ། དེ་ཡི་སྟེང་ཞག་རང་ཉིད་ཀྱིས།། རླུང་གི་བསམ་གཏན་ངེས་ལྡན་ན།། བསྐྲད་པ་ཉིད་དུ་ཐེ་ཚོམ་མེད།། རི་བོ་རྩེ་ལ་འཇོགས་ཏེ་སྭ།། ནེརུ་ལེ་སྦྲུལ་རྟ་མ་ཧེ་དང་།། བྱ་རོག་འུག་པའི་ཁྲག་གིས་ནི།། ཁྱོ་ཤུག
150b5 རྐང་ཡའི་རྗེས་སྡུས་པའི། ། ལིང་གསོར་བརྒྱད་པར་བྱས་ཏེ།། ཁྲག་དེས་བྲིས་པའི་འཁོར་ལོ་དག། སྙིང་ཁར་བཅུག་པ་གཉིས་བྱས་ཏེ།། ནེའུ་ལེ་གཟུགས་བྱས་སྟེང་དུ་བཞག། ལག་གཉིས་རྟ་དང་མ་ཧེ་ཡིས།། རུས་པ
150b6 རྡུང་ཞིང་གསང་སྔགས་ཟློས། ། རྩེ་འདྲུད་ཤིང་རྩར་སྦས་ན་འབྱེར།། ཙན་དན་དཀར་པོས་ལེགས་བྲིས་ནས།། གསེར་སོགས་རིན་ཆེན་རྗེས་སུ་གྲིལ།། མདུན་དུ་ཟླ་བའི་གཟུགས་སྟེང་དུ།། གཞག་ལ་ཉིན་རེའི་བསྐོར་བ་ནི།།
150b7 ཇི་སྲིད་བྱས་ན་སྲུང་བར་ངེས།། སྤྱི་བོར་བཏགས་ན་གཡུལ་ལས་རྒྱལ།། རྐང་པར་བཏགས་ན་ཆུ་སྟེང་འགྲོ།། བ་ཡི་འོ་མས་ཁྲུས་བྱས་ཏེ།། ཀུ་ཤ་བ་དམར་སོགས་མཆོད་ན།། གསོལ་བཏབ་ནད་རྣམས་ཐམས་ཅད་སྲུང་།
150b8 དེ་ནས་བཅོམ་ལྡན་འདས་ཕྲ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ལས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སྔགས་འདི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།།
iiif viewer powered by OpenSeadragon
150a - 151a