| | e-texts navigator
|
150a1 བར་ཐུང་བ་ཡི། ། མ་ཡེངས་པར་ནི་བསམ་གཏན་བྱ།། ཡང་ན་བསྒྲུབ་བྱ་ཟ་བར་མཐོང་།། ཤིང་གཅིག་རྔུར་ནི་རངས་པ་དང་།། མལ་གྱི་འོག་ཏུ་ནི་ཞིང་ལྤགས།། ཆུ་མདོར་འབྱུང་ཞིང་རི་རྩེར་བསྐྲད།། གསང་བ་མ
150a2 ཐབ་འོག་ཏུ་སྦ། ། དགུག་པ་ལ་ནི་གྷོ་ཁང་འོག། ལྷ་འམ་འཁོར་ལོ་སྒྱུར་པའོ།། བདེ་གནས་རྣམས་ཀྱིས་དབང་དུ་འགྱུར།། མར་ཁུ་ཆེན་པོ་ཐོད་པ་ཡི།། ནང་དུ་ཐུགས་ནས་བསྐོལ་བྱས་ཏེ།། བཞར་པས་མིག་ལ་བྱུགས་བྱེད
150a3 ན། ། མངོན་ཤེས་དེ་ཉིད་མྱུར་དུ་འཐོབ།། རིགས་ལྡན་རྒྱལ་པོ་ལས་རྙེད་ཅིང་།། མདོག་ལྡན་ལང་ཚོ་གས་རབ་ཀུག་ལ།། ཙན་དན་འདེ་གུ་མང་བྱས་ཏེ།། ལས་ཀྱི་སྦྱོར་བས་དེ་ཉིད་བཅིང་།། ཡང་ན་མེ་ལ་གདུངས་པར
150a4 འགྱུར། ། ཨོཾ་བཛྲ་ཀོ་དྷ་ཡ་མར་ཛ་བཛྲ་ཀི་ལི་ཀི་ལི། ཧ་ན་ཧ་ན་མ་ར་ཡ་ཕཊ། ཅེས་བྱ་བའི་གསང་སྔགས་བརྗོད་བྱས་ལ།། རུས་པའི་ཕུར་པས་གདབ་པར་བྱ།། གསལ་ཤིང་ལ་བཅུགས་སྐྱེས་བུ་ཡི།། རྫས་ལ
150a5 བརྟན་ཏེ་བསྒྲུབ་པར་བྱ། ། ཏིལ་མར་བྱུགས་ལ་ཐོད་པས་གཞར།། མར་མེ་བྱས་པའི་དུད་པ་ཡིས།། མིག་རྣོན་དག་ནི་འགྲུབ་པར་འགྱུར།། གསང་སྔགས་རྒྱལ་པོ་ཐོགས་མེད་ལ།། བསྟན་པས་ཐོབ་བྱ་མང
150a6 མོད་ཀྱང་། ། འདིར་ནི་བརྗོད་པ་ཅི་ཞིག་དགོས།། ཡང་ནི་འདི་ལྟར་ཤེས་བྱ་སྟེ།། རང་ཉིད་སྔགས་དང་ཏིང་འཛིན་ལྡན།། བརྩོན་ཆེན་གཞན་དུ་མ་ཡེངས་པས།། གང་དུ་བརྩམས་པདེ་འགྲུབ་འགྱུར།། སྨད་འཚོང་རང
150a7 འབྱུང་ཉིད་ཀྱིས་ནི། ། སྔོན་བསྟན་རྩ་སྒ་ལེགས་བྲིས་ཏེ། ལིང་གའི་སྙིང་ཁར་བཅུག་བྱས་ལ།། རང་མདུན་ཁྲག་གི་ཟླ་གམ་སྟེང།། ཁྲག་གིས་བྱུགས་པའི་སྟེང་དུ་བཞག། མི་འམ་རྒྱལ་པོའི་བུ་མོ་དག། དགུག་དང་དབང
150a8 གི་ཡི་གེ་ཡིས། ། དེ་ཉིད་དུ་ནི་ངེས་པར་འགྱུར།། ཉལ་སའི་འོག་ཏུ་གནན་པ་བྱ།། མི་གླངར་ཁྱི་གསེ་ཕག་ཁྲག། འཁོར་ལོ་བྲིས་ནས་ལིང་ལ་ཡི།། མགྲིན་པར་བཅུག་ནས་བྱ་རོག་གི། ཁྲག་གི་ཁྲག་སྨུག་སྔགས་བྲིས
iiif viewer powered by OpenSeadragon
149b - 150b