e-texts navigator
Collection
Volume
Page
Wylie

149b1 གགིའི་རིམ་པའི་བཤད་པར་བྱ། ། ཞལ་དྲུག་ཕྱག་དྲུག་ཞབས་དྲུག་འམ།། ཡང་ན་ཞལ་གཅིག་ཕྱག་བཞིའམ།། ཞལ་གཅིག་ཕྱག་གཉིས་པ་ཡང་རུང་།། མ་ཧེ་གདོང་གི་སྦྱོར་བ་ཡིས།། ཁྲག་རྣམས་སྣ་ཚོགས་ཐ་དད་དང་།།
149b2 བསྒྲུབ་བྱའི་རྗེས་དང་དུག་གི་རིགས།། རྟ་དང་མ་ཧེ་བོང་བུ་ཆུས།། སྡུས་པའི་བསྒྲུབ་བྱའི་ལིང་ག་བྱ།། ལུས་ལ་ཚེར་མས་གཟུགས་བྱ་ཞིང་།། ཏིལ་མར་གྱིས་ཀྱང་བསྐུ་བར་བྱ།། ཡང་ནི་ཤིང་ལོ་གྲོ་བ་འམ།། དུར་ཁྲོད་རས་སཾ
149b3 ཤུན་བས་ལ། ། རང་ཉིད་གཅེར་བུར་སྒྲ་བཤིག་ནས།། ལུས་ནི་ཐལ་བས་བྱུགས་བྱས་ཏེ།། མངོན་སུམ་ཁྲོས་ནས་ཤ་ཆེན་བཟའ།། རབ་ཏུ་ཞིམ་པའི་ཆད་མཐུང་ཞིང་།། ནག་པོ་ཆོས་ཀྱིས་མཚན་ཕྱེད་དུས།། འཁོར་ལོ
149b4 བྲི་བ་བཙམ་པར་བྱ། ། ལིང་ཚེ་བཅུ་གཉིས་འཁོར་ལོ་ནི།། ཡུངས་ཀར་ཏིལ་དང་སྐགས་ཁུ་དང་།། རྟ་དང་མ་ཧེ་ར་ཁྱི་ཁྲག། བྱ་རོག་འུག་པའི་སྒོ་ཡིས་བྲི།། ཡི་གེ་ཡ་ཡིས་ལྟོ་བར་ཡང་།། མིང་དང་རུས་སུ་ལྡན་པར
149b5 བྲི། ། ཕྱོགས་བཞིར་ཡི་གེ་བཅུ་པ་ནེ།། མིང་དང་བཅས་པ་བྲི་བར་བྱ།། བརྒྱད་པོ་དག་ལ་རིམ་པ་བཞིན།། ཡི་གེ་འདི་དག་བྲི་བར་བྱ།། ཨོཾ་མུ་ས་ལེ་ཙུཪྵ་ར་ག་ཏ་རྩ་རན་ཙུ་ཤ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།། ཡི་གེ་ཡ་ལ་བསྐོར
149b6 ནས་ནི། ། བསྒྲུབ་བྱ་གཟུགས་དང་ལྡན་པར་བྲི།། དེ་ཡི་མུ་ཁྱུད་དག་ལ་ནི།། ཡི་གེ་བཅུ་པ་མིང་བཅས་བྲི།། ཕྱོགས་བཞིར་རྩེ་གསུམ་རྡོ་རྗེས་མཚན།། དེ་བཞིན་རྫས་རྣམས་མ་ལུས་པས།། འཁོར་ལོ་ལྟོ་བར་ལྡན་པ
149b7 བྲི། ། གཤིན་རྗེའི་གཟུགས་ནི་རལ་གྲི་དང་།། དབྱུག་པ་འཛིན་པ་བྲིས་ནས་ནི།། དེ་དང་དེ་གཉིས་ལྟོ་སྦྱོར་ལ།། མཚན་ལྡན་ཐོད་པའི་ནང་དུ་བཞུག། ཚ་གསུམ་སྐེ་ཚེ་དུག་མུ་ཟི།། རོ་ཉེས་བཀང་ནས་དཀྱིལ་འཁོར་ནི།། གྲུ
149b8 གསུམ་དབུས་སུ་བཞག་པར་བྱ། ། ཡུངས་དང་བྲ་བོ་ས་ལུ་ནག། ཛ་བྷི་བྲ་བ་སོགས་རྣམས་ལ།། གསང་སྔགས་རྒྱལ་པོ་བརྗོད་བྱས་ཏེ།། དྲོ་འམ་དུ་བ་ཐུལ་བར་དུ།། རིམས་དང་རིམས་ཀྱི་ཁྲག་རྣམས་ནི།། མ་ལུས་ཟད




iiif viewer powered by OpenSeadragon

149a - 150a

Texts on this page

Q106 - dpal rdo rje 'jigs byed kyi rtog pa'i rgyud kyi rgyal po