| | e-texts navigator
|
149a1 འ་གས་བྱསྟེ། ། དེར་ནི་ཀྟའི་ཡར་གྱུར།། ནམགས་གས་པ་མ་པ་ལ།། རྡོ་རྗེ་དརྫས་ས་ཇོན།། ཏིཟླལ་རྟེན་མིགས།། ཐེ་ག་ལ་དོག་སྔ་གས་པ།། ན་རྫས་སངས་ནས་ན།
149a2 མཁས་པའི་བཟླས་པའི་རིམ་པའོ།། དྲག་པོའི་ལས་རྣམས་བསྒྲུབས་པ་ལ།། ཉོན་མོངས་བཅོད་པའི་འཁོར་ལོ་ནི།། སེར་པོ་རྩེ་རྩིབས་བཅུ་པ་ལ།། འོད་ཟེར་སྣ་ཚོགས་འཕྲོ་བ་བསམས།། ཞི་བར་འདོད་པའི་སྐྱེས་བུ་དེས།
149a3 སེམས་ནི་ཡང་དག་མཉམ་གཞག་ནས།། སྔགས་ཀྱི་འོད་ཀྱང་འགྲོ་གཞན་ལ།། ཕན་པའི་ཡིད་དང་ལྡན་པར་བྱ།། གྲོབ་རས་དང་ཤིང་ཤུན་ལ།། གུར་གུམ་གྲི་ཝང་དྲི་རྣམས་ཀྱིས།། མཆོད་རྟེན་རིམ་པ་ལྔར་ལྡན་ཞིང་།། དུས
149a4 དང་འཁོར་ལོ་ལྡན་པར་བྱ། ། སྒྲུབ་པ་པོ་ཡི་མིང་དང་རུས།། དེ་ཡི་བུམ་པའི་ནང་དུ་བྲི།། ཡེ་དྷརྨཱ་ལ་སོགས་པ་ཡི།། སྔགས་ཀྱིས་གཡས་ནས་བསྐོར་བར་བྲི།། རབ་ཏུ་གནས་པར་བྱས་ནས་ཀྱང་།། ལུས་སམ་མགུལ་ལམ་ག
149a5 བདེར་བཞག། དེས་ནི་གདོན་དང་བྱང་སྟེམ་དང་།། རིམས་དང་ཡམས་རྣམས་སེལ་བར་བྱེད།། གང་ཞིག་ཡུལ་རྣམས་གཞོམ་འདོད་ན།། ཧཱུཾ་གི་ས་བོན་དང་ལྡན་པར།། མིང་ཡིག་ཙམ་པོ་བྲི་བར་བྱ།། སོ་ཕག་ཕྱེ་མ་ལྡོང་རོས
149a6 ད་། ། བབ་ལ་མ་ཧེ་ཁྲག་གིས་རྫིས།། ཟླ་གམ་གཉིས་པའི་གཟུགས་བྱས་ཏེ།། བར་དུ་གང་འདོད་བསྒྲུབ་བྱ་ཡི།། གཟུགས་བརྙན་སོར་བརྒྱད་པ་ཡི་ཚད།། བྱས་ལ་གན་རྐྱལ་དུ་བཞག་ལ།། མ་ཧེ་གདོང་གི་སྦྱོར་བ་ཡིས།
149a7 ཁྲི་ཕྲག་གཅིག་ཏུ་སྔགས་བཟླས་ནས།། དུམ་བུ་དུམ་བུར་གཏུབས་བྱས་ཏེ།། ཆུ་བོའི་གཞུང་དུ་དོར་བྱས་ན།། སྐད་ཅིག་དེ་ལ་དེ་དབང་འགྱུར།། བྱ་རོགཞུག་པའི་གཟུགས་བྱས་ཏེ།། མ་ནུ་མ་ལོ་རོ་རྩ་ནས།། ཁྱི་ཤུག
149a8 བསྒྲུབ་བྱའི་མིང་བྲིས་ཏེ། ། གཤིན་རྗེ་ཕྱོགས་བལྟས་གསང་སྔགས་གདོན།། རྐང་པ་གཡོན་པས་གནན་ནས་ནི།། མི་ཡི་རྗེ་ངར་ཕུར་པས་གདབ།། སྐད་ཅིག་ཙམ་ལ་དེ་དག་འབྱེ།། དེ་ནས་འདིར་ནི་བསད་པ་ཡི།། ཚེ
iiif viewer powered by OpenSeadragon
148b - 149b