| | e-texts navigator
|
148b1 ག་རྟེན་བདག་པ་མཟང་མད་ད་པའོ།། དེ་ལྟར་ག་ཤིག་དང་བ་དང་།། ལྡནག་པ་རྒྱུ་ག་གྲངས་དང་།། ལགས་པར་ང་རྣམས་ཐབ་བྱས་ནས།། རྡོ་རྫམཔ་དཔོན་མཉས་བྱང་པས།། ཡང་ནས་ཡང་དྲུདུ་བྱད་ན། 9།
148b2 པ་ཆེན་པོ་ཐོབ་པར་འགྱུར།། ལྷའི་དགེ་འདུན་ངལ་ཉོན།། དཔའ་བོ་མཆིང་ལ་རབ་དགའ་ཞིང་།། ཤ་ཆེན་རྟག་ཏུ་མུར་བྱེད་ན།། ལས་རྣམས་དེ་ཡིས་མྱུར་དུ་བསྒྲུབ།། སྐུ་ནི་དུམ་འཕྲོ་བྱེད་ཅིང་།། སྐུལ་སྐུ་ནི་རྣམ་ངེས་ཐིམ།།
148b3 ཐམས་ཅད་སྒྱུ་མ་ཉིད་ཤེས་པས།། འཇིག་རྟེན་རྣམས་སུ་ཡི་གསད་བྱེད།། ཁོང་སྟོང་རྩ་ནི་དཀའ་བ་སྟེ།། རྒྱུན་ཏུ་བྱང་ཆུབ་སེམས་འཛག་བྱེད།། ཆུ་སྐྱེས་དམར་པོ་ཁ་སྦྱར་གཉིས།། ཡན་ལག་གཉིས་ཀྱིས་ངེས་པར
148b4 བཙུན། ། ཤེས་པ་འཕེལ་བ་མེ་དང་རླུང་།། ཉི་མ་ཟླ་བ་ཐབས་ལྡན་དང་།། ཤེས་རབ་ལྡན་པར་ཤེས་པར་བྱ།། གཉིས་པོ་དེ་རྣམས་རབ་སྤངས་ན།། ཁོང་དུ་ཆུད་པར་མི་འགྱུར་རོ།། ཆུ་སྐྱེས་ཁ་སྦྱོར་ལ་རྟེན་ཏེ།། གསུམ་གནས
148b5 པ་ཡི་ཏིང་འཛིན་ལ། ། རྡོ་རྗེ་ཆོས་ཀྱི་རྒྱས་བཏབ་པའི།། ཐབས་དང་ཤེས་རབ་གྲོལ་བའི་སྒྲ།། བློ་ལྡན་འབད་པས་ཤེས་པར་འགྱུར།། དེ་ཕྱིར་དེ་ལ་བརྩོན་པར་བྱ།། ཆོས་རྣམས་ཆོས་ཉིད་དབྱེར་མེད་པས།། སྟོང་པ་ཉིད་ཀྱི
148b6 ཡེ་ཤེས་ཆེ། ། མི་ཤིགས་རྟོག་བྲལ་མཚན་མ་མེད།། བདེ་ཆེན་ཡེ་ཤེས་རྡོ་རྗེ་སྐུས།། ཡེ་ཤེས་མི་རྟོག་རྟོག་པ་བྲལ།། རྟོག་པའི་མཚན་མ་ཐམས་ཅད་སྲེག། སྤྲོས་པའི་མཚན་མ་མཐའ་དག་ནི།། ཇི་སྙེད་སྒྱུ་ཡི་རྣམ་པ་ཤྲེ།། །
148b7 དེ་ཉིད་ཤེས་ནས་གྲོལ་བའོ།། མ་ཤེས་པས་ནི་ཕྱིར་ཞིང་འཁོར།། འཇིག་རྟེན་སྐྱེ་བོ་བློ་ལྡན་འགས།། ངེས་པར་རྟོགས་པ་ཐབས་ཀྱི་མཆོག། སྡུག་བསྔལ་ཆེན་པོར་རབ་འཇིགས་ནས།། བདེ་བར་འདོད་པས་ནན་ཏན་བྱ།།
148b8 དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཐབས་དང་ཤེས་རབ་ཀྱི་བསམ་གཏན་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སྔགས་གྲུབ་པ་ལས་བྱུང་བ་ཡིས།། ལས་རྣམས
iiif viewer powered by OpenSeadragon
148a - 149a