| | e-texts navigator
|
148a1 དད་མངན་བྱུང། ། གས་དང་ཐ~ཾད་དགྲག་དབྱེ་ས་དང་།། དམན་པར་ཀྱང་རྒྱལ་གྲང་སགས།། བ་བྱུད་ལ་ཐ་ས་མང། ང་གྲ་འགྲོན་དགས་དྲུག། གང་གཅག་འང་ན།
148a2 གཅི་པ།། ནོད་གནས་རྒྱམས་། ན་བཅས།། དེནས་བཅོམ་ལྡན་དས་འཕྲུལ་བཐམས་ཅ་ལ་གྱུ་པ།། མསོད། ཞེས་རྗི་དི། ལ་སྟོངས་པར་ཟུགཔ་ཏེ། དང་ལེགས་པས
148a3 ལ་ཁྱ་བར་བྱ་བའི་ཕྱིར། ཀླུ་དོག་དཀར་བོ་ཞལ་ལྔ་དང་ལྡན་པར་བྱས་ནས། འཇིག་རྟེན་ཐཐམས་ཅད་ལ་གཟིགས་ནས། རང་གི་རིགས་ཀྱི་མིག་ཉིད་ཡོད་པས།། བུ་དང་གསུ་དང་གས་དང་ཡོན་ཏན་རྗི
148a4 ལས་དང་། ཡེ་ཤེས་ཀྱང་ཅིག་གི་ངོ་བོར་སྤྲུལ་བའི་སྐུར་གྱུར་ཏོ།། ཀྱེས་བཅོམ་ལྡན་འདས་རྡོ་རྗེ་ཆེ།། དོན་རྣམས་སྐྱེད་པ་ཡང་ཉིད་དོ།། མཁའ་ཀྱིལ་འོད་ཀྱིས་དགེངས་འགྱུར་བ།། སླང་ཞིང་འདོག་ལྔ་ལྡན་པ།།
148a5 བོན་སྔགས་ཀྱིས་བསྐུལ་བ་ཡི།། འོད་ཀྱི་རྩེ་ཕྲག་ཐུབ་པའི་སྐུ།། ཀུན་ཀྱང་སངས་རྒྱས་གནས་ལས་སྐྱེས།། རང་ལ་ཞུགས་པས་སུ་རྫོགས་འགྱུར།། ཞལ་དྲུག་ཁྲོ་གཉེར་རབ་བརྗིད་པ།། མ་ཧེའི་ཞལ་ལྡན་སྟེང
148a6 གནས་པ། ། འཇམ་དཔལ་ཞལ་ནི་འཛུམ་བཅས་བཞུགས།། ལྷག་མ་དམར་དང་སེར་དང་སྔོ།། དུ་པའི་མདོག་མཚུངས་གྱེན་སླར་ལྡན།། ཐོད་པསྐམ་རློན་སྒྱུ་མ་སྤྲུལ།། རུས་པ་རྡོ་རྗེའི་ཕྲེང་བས་བརྒྱན།། གླང་ཆེན
148a7 སྟག་ལྤགས་གྱོན་ནས་ནི། ། ཧཱུཾ་ཕཊ་གླུར་ལེན་གང་མོ་ཅན།། ནམ་མཁའི་ལུས་ཅན་ཁྲོ་བོའི་སྤྲིན།། ཡང་དང་ཡང་དུ་སྤྲོ་བྱེད་པའི།། ཕྱག་དྲུག་རབ་ཏུ་བརྗིད་པ་སྟེ།། དབྱུག་པ་ཐོབ་གཏུན་ཤིང་དག། གཡས་པའི
148a8 ཕྱག་གིས་རིམ་བཞིན་འཛིན། ། བེ་ཏ་ལི་དང་ལྕགས་ཀྱུ་དང་།། ཞགས་པ་གཡོན་པའི་ཕྱག་གིས་འཛིན།། པད་མ་ཉི་མ་མཧེ་དང་།། གཤིན་རྗེའི་སྟེང་ན་འགྱིང་བག་ཅན།། ཞབས་དྲུག་གཡས་རྐྱང་གར་གྱིས་གནས།
iiif viewer powered by OpenSeadragon
147b - 148b